Skip to main content Skip to search
dbyin 'gog 'thab rtsod/
ID:
T270947
  • དབྱིན་འགོག་འཐབ་རྩོད (Tibetan, Tibetan script, Original)
    • > dbyin 'gog 'thab rtsod/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > yingok taptsö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

བོད་རབ་བྱུང་བཅོ་ལྔ་པའི་ཤིངའབྲུག་༡༩༠༤ལོར་དབྱིན་ཇི་བཙན་རྒྱལ་རིང་ལུགས་པའི་བཙན་འཛུལ་དམག་བོད་དུ་ལྷགས་ཤིང་། བོད་རིགས་མི་དམངས་ཚོས་བཙན་རྒོལ་འཐབ་འཛིང་བྱས་ཀྱང་ཆིང་རྒྱལ་རབས་སྲིད་གཞུང་ནས་དབྱིན་ཇི་བཙན་འཛུལ་པར་རྒོལ་ལན་སྤྲོད་པའི་རྒྱབ་སྐྱོར་ནུས་ལྡན་མ་བྱས་སྟབས་མཐར་དབྱིན་དམག་ལྷ་སར་ཡོངས་སྟེ་ལྷ་སའི་བྱང་ངོས་ཚེས་གསུམ་ཐང་དུ་སྒར་འབབ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་དབྱིན་དམག་ལྷ་སར་མ་འབྱོར་གོང་ནས་ནང་སར་ཉེན་གཡོལ་དུ་ཕེབས། དབྱིན་ཇི་བའི་རྟ་དམག་དང་རྐང་དམག་རྣམས་སྦྱོང་བརྡར་ཡིན་ཁུལ་གྱིས་འཇིག་སྐུལ་དྲག་ངོམས་བྱས། བོད་ཕྱོགས་ནས་ལྷ་སའི་ཤར་ཕྱོགས་འབྲོམ་ཐོད་དང། བདེ་ཆེན། ཚལ་གུང་ཐང་སོགས་ནས་འདོན་དམག(ས་ཞིང་རྐང་འདོན་གཞིར་བཟུང་བསྐུལ་བའི་དམག་མི)སུམ་སྟོང་ཙམ་བསྡུ་རུབ་ཀྱིས་དབྱིན་དམགམལ་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་བྱས། ཉིན་ཞིག་བོད་ས་གནས་ཀྱི་དབང་འཛིན་པ་དང། དབྱིན་དམག་འགོ་པ་གྲོས་མོལ་བྱེད་སྐབས་སེ་རའི་གྲྭ་པ་དབེན་ཆུང་དམར་ཆུང་དམར་རིལ་ཞེས་པས་གྲི་དཔའ་དམ་ཞིག་འཁྱེར་ཏེ་ཚེས་གསུམ་ཐང་གི་དབྱིན་དམག་སྒར་སར་འཛུལ་རྗེས་དམག་དཔོན་གཅིག་དང་དམག་མི་འགའ་ཤས་བསད་རྨས་བཏང་ནས་གྲི་འཛིང་བྱེད་བཞིན་ཕྱིར་འགྲོ་སྐབས་གུར་ཐག་ལ་རྐང་པ་འཁོན་ཏེ་རིལ་སྟབས་དབྱིན་དམག་གིས་བཟུང་ཞིང་གྲྭ་ས་ག་ནས་ཡིན་མིན་འདྲི་སྐབས་ལན་ཚིག་གཅིག་ཀྱང་མ་བཏབ་པ་མ་ཟ། དབྱིན་ཇིར་དགའ་ཇེ་བརྟེན་མཁན་འགའ་ཤས་ཀྱིས་གྲྭ་ས་ག་ནས་ཡིན་མིན་ཤོད་དགོས་ཚུལ་འཇམ་རྩུབ་སྣ་ཚོགས་ཀྱིས་འདྲི་སྐབས་ཁྱེད་ཚོས་སྤ་ཕྲུག་རེ་གྱོན་ནས་ཤོག ངས་བཤད་ཆོག་ཁྱོད་ཚོས་བུད་མེད་དང་འདྲ་བར་སྐྱེས་པ་ལྟ་བུ་སྙིང་སྟོབས་མེད་ཅེས་པའི་དོན་ཡིན་ ཅེས་བརྗོད་བཞིན་པར་སྡང་མིག་བལྟ་བ་དང་ཡས་སོས་མ་མཆུ་མནན་ཞིང་བསྡྡད་པར་བརྟེན་དབྱིན་བཙན་དཔོན་དམག་རྗེས་རྒྱུགས་པ་བཅས་བྱ་ཐབས་བྲལ་ནས་དམར་གསོད་བཏང། དེ་ཉིན་དགོང་མོ་དང། ཕྱི་ཉིན་ལྷ་ས་གཙུག་ལག་ཁང་ཆེ་ཆུང་དུ་སེར་སྐྱ་མང་ཚོགས་ཧ་ཅང་མང་པོས་རང་མོས་ངང་གསེར་ཀོང་བརྗེ་བ་དངཞ མཚོད་ཐིག་རྒྱག་པ། བསྔོ་བ་ཞུ་བ་སོགས་བྱས་འདུག། སྐབས་དེར་ལྷ་སའི་ཁྲོམ་གཞུང་དུ་ཡིག་བསྒྱུར་ཡང་མང་པོ་སྦྱར་ནས་དབྱིན་ཇི་དང་འབྲེལ་བ་མི་ཆོག་པ་དང། དབྱིན་དམག་དང་འཛིང་མཁན་ལ་བསྟོད་ར་བཏང་བར། །ཀི་གཅིག་དང་པོ་ཚེས་གསུམ་ཐང་ཆེན་ནས་བརྒྱབ་སྟེ། །ཁུ་བྱ་བབས་པ་བཞིན་དུ་དགྲ་སྒར་ནང་མཆོངས་ཤིང། །གེ་སར་ལྟ་བུའི་དཔའ་བོས་ཕྱི་གླིང་པ་བསད་ནས། ངོ་མཚར་ལྟད་མོོ་བསྟན་འཕྲལ་དབྱིན་དམག་རྣམས་བྲོས་སོ། །ཞེས་སོགས་བསྟོད་ཡོད་འདུག

language:
Tibetan