Skip to main content Skip to search
ngo mtshar gzhan phan phul byung sangs rgyas rgya mtsho/
ID:
T270800
  • ངོ་མཚར་གཞན་ཕན་ཕུལ་བྱུང་སངས་རྒྱས་རྒྱ་མཚོ (Tibetan, Tibetan script, Original)
    • > ngo mtshar gzhan phan phul byung sangs rgyas rgya mtsho/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ngotsar zhenpen püljung sanggyé gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

མཚན་གཞན་ཚངས་སྲས་བཞད་པའི་རྡོ་རྗེ་མཆོག་ནི་ཨ་ལག་ཤ་མཁན་པོ་སྐུ་ཕྲེང་ལྔ་པར་གྲགས་ཤིང་། རྗེ་འདི་ཉིད་རབ་བྱུང་བཅོ་ལྔ་པའི་ལྕགས་ལུག༡༨༧༡ལོའི་བོད་ཟླ་བཅུ་པའི་ཚེས་བཅོ་བརྒྱད་ལ་ཨ་ལག་ཤ་རྒྱལ་རིགས་སུ་སྐུ་བལྟམས། སྐུ་ཆུང་སྲིད་ནས་པཱ་རིང་ཁེ་དགའ་ལྡན་བསྟན་རྒྱས་གླིང་དུ་གདན་དྲངས་ཏེ་གདན་སར་མངའ་གསོལ། ཚད་མ་རིག་པ་སོགས་རིག་པའི་གནས་ཀུན་ལ་སྦྱངས་པ་མཐར་ཕྱིན་མཛད། གཞོན་ནུའི་སྐབས་དབུས་སུ་ཕེབས་ཏེ་འབྲས་སྤུངས་དགོན་དུ་སླེབ་གཉེར་གནང་། དེ་ནས་ལོ་འགའི་རྗེས་སུ་ཕྱིར་བྱོན་ཏེ་དཔའ་རིས་ཡར་ཀླུང་དགོན་དང་ཨ་ལག་ཤ་པཱ་རིང་ཁེ་དགོན་པ་སོགས་ཆོས་སྡེ་བཅུ་ཕྲུག་དུ་མ་བསྐྱངས། དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བློ་བཟང་རབ་གསལ་མཚོ་བྱུང་རོལ་པའི་བློ་གྲོས་ཡོངས་འཛིན་དུ་བསྟེན་ནས་མདོ་སྔགས་རིག་གནས་ཀུན་ལ་དཔྱིས་ཕྱིན་པར་སྦྱངས་བརྩོན་མཛད་ནས་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས། སླར་ཡང་དབུས་སུ་ཕེབས་ནས་རྩེ་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་མཛད། རྗེ་མཆོག་ནས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་དང་པཎ་ཆེན་སྐུ་ཕྲེང་དགུ་པ་རྣམ་གཉིས་སུ་ཆོས་དང་། རྒྱལ་དབང་ཚངས་དབྱངས་པའི་སྐུ་གདུང་བདག་སྐྱོང་གནང་ཚུལ། བསྟན་འགྲོའི་བདེ་སྐྱིད་དང་དགོན་པའི་ཆོས་སྲིད་སོགས་འཁོད་པའི་ཆབ་ཤོག་མང་དུ་ཕུལ། རྩེ་རྣམ་རྒྱལ་གྲྭ་ཚང་དང་། འབྲས་སྤུངས། བསམ་ཡས་དགོན་བཅས་ལ་གསེར་ཟངས་ལས་གྲུབ་པའི་ཀ་འཕན་རྒྱལ་མཚན་མང་དུ་ཕུལ། རབ་བྱུང་བཅོ་ལྔ་པའི་ལྕགས་སྤྲེལ་༡༩༢༠ལོར་དཔའ་རིས་ཡར་ལུང་དགོན་པའི་བླ་མ་ཁྲི་པའི་བཅའ་ཡིག་མཛད། ལྗགས་རྩོམ་ཁྱོན་པོད་བརྒྱད་བཞུགས། རྗེ་འདི་ཉིད་ཀྱིས་རྒྱལ་བ་གཉིས་པའི་བསྟན་པ་རིན་པོ་ཆེ་སོག་ཡུལ་དུ་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས། ལྟག་པར་དུ་རྒྱལ་དབང་ཚངས་དབྱངས་པའི་སྐུ་གདུང་བཞུགས་ཁང་རྒྱ་ཆེར་བཞེངས་པ་དང་དུས་བཞིའི་ཆོས་ཐོག་བཙུགས། སྐུ་ཚེའི་སྨད་དུ་ཨ་ལག་ཤའི་ཆོས་སྲིད་གཉིས་ཀ་བདག་གིར་བཞེས། མཐར་དགུང་ལོ་དོན་བཞིར་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ཤིང་སྤྲེལ་༡༩༤༤་ལོར་སྐུ་གཤེགས།

language:
Tibetan