- kun bzang chos kyi nyi ma/
- ID:
- T2678
- ཀུན་བཟང་ཆོས་ཀྱི་ཉི་མ (Tibetan, Tibetan script, Original)
- > kun bzang chos kyi nyi ma/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > künzang chökyi nyima (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. Thupten Phuntsok Dictionary
བོད་རབ་བྱུང་བརྒྱད་པའི་ས་མོ་སྦྲུལ་གྱི་ལོ་སྟེ་སྤྱི་ལོ་༡༤༤༩ལོར་གཙང་གི་ཆུ་སྒོའི་སྦུགས་རྡོ་རིང་བསམ་འགྲུབ་སྨོན་མཁར་དུ་ཡབ་བོད་ཆོས་རྒྱལ་གདུང་ལས་མཆེད་པའི་ཀུན་དགའ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་དང་། ཡུམ་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་བརྒྱུད་པ་བཀྲ་ཤིས་རྒྱལ་མོ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས་ཤིང་མཚན་བསོད་ནམས་ལྷུན་པོ་རིན་ཆེན་ཞེས་གསོལ། སྐུ་ན་ཆུང་ངུའི་དུས་ནས་དམ་པའི་བག་ཆགས་རང་ཆས་སུ་སད་ཅིང་ཡི་གེ་འབྲི་ཀློག་སོགས་བརྡ་བསྟན་པ་ཙམ་གྱིས་ཐོགས་མེད་ཕུལ་དུ་ཕྱིན། དགུང་ལོ་དྲུག་པར་རྒྱལ་བ་ཉིད་ཀྱིས་ལུང་བསྟན་པའི་སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་ཨེ་ཝཾ་པ་ཀུན་དགའ་བཟང་པོ་དང་མཇལ་ཞིང་མི་ཕྱེད་པའི་དད་པ་ཐོབ་ཅིང་དབང་བསྐུར་རྗེས་གནང་འགའ་གསན། དགུང་ལོ་སོ་བདུན་པར་རྗེ་བཙུན་དམ་པ་མཚུངས་མེད་ཤེས་རབ་ཟླ་བའི་སྤྱན་སྔར་རབ་ཏུ་བྱུང་བར་མཛད་དེ་མཚན་ཀུན་བཟང་ཆོས་ཀྱི་ཉི་མ་བློ་ལྡན་ཤེས་རབ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོར་གསོལ། དེ་ནས་བཟུང་སྟེ་བསླབ་པའི་གནས་ཕྲ་ཞིང་ཕྲ་བར་ཐམས་ཅད་མིག་གི་འབྲས་བུ་ལྟར་གཅེས་པར་བསྲུང་བ་དང་། ལྷག་པར་དུ་མཐུ་སྟོབས་ཀྱི་དབང་ཕྱུག་བདག་ཆེན་རྡོ་རྗེ་འཆང་ཆེན་པོ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ལ་ལུས་ངག་ཡིད་གསུམ་ཅིག་ཆར་དུ་ཕུལ། མཉེས་པ་གསུམ་གྱིས་མཉེས་པར་མཛད་ནས། ལམ་ཟབ་བླ་མའི་རྟེན་འབྲེལ་མཐའ་དག་རང་ཤུགས་ཀྱིས་འགྲིག་སྟེ་རྣལ་འབྱོར་དབང་ཕྱུག་བི་རུ་པའི་ཐུགས་བཅུད། རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་ཚད་མ་སྙན་བརྒྱུད་བར་མ་ཆད་པར་བཞུགས་པའི་ཉམས་བཞེས་ཀྱི་གཙོ་བོ་རྗེ་ཉིད་ལ་བརྒྱུད་པ་གསུམ་གྱི་ཆུ་བོ་གཅིག་ཏུ་འདུས་ཤིང་། རྗེ་སེམས་དཔའ་ཆེན་པོས་གཞན་ལ་ཆེར་མ་གནང་བའི་གདམས་པ་གསུང་ངག་རིན་པོ་ཆེ་སློབ་བཤད་ཀྱི་ཉམས་ཁྲིད་ཀྱིས་གཙོས་དཔལ་ཀྱེ་རྡོ་རྗེའི་ཆོས་སྐོར་མཐའ་དག་གསན། ཐུགས་རྒྱུད་ལ་ལུང་རྟོགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་གསར་དུ་འཁྲུངས། ལྷག་པའི་ལྷ་རབ་འབྱམས་ཀྱི་ཞལ་གཟིགས་ཤིང་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱིས་འགྲོ་བ་རྣམས་སྨིན་ཅིང་གྲོལ་བར་མཛད། མཐར་དགུང་གྲངས་བདུན་ཅུ་རྩ་དྲུག་པ་བོད་རབ་བྱུང་དགུ་པའི་ཤིང་པོ་སྤྲེལ་གྱི་ལོ་སྟེ་སྤྱི་ལོ་༡༥༢༤ལོར་གཤེགས།
- language:
- Tibetan