- ge/
- ID:
- T26582
- གེ (Tibetan, Tibetan script, Original)
- > ge/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > gé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. dag yig gsar bsgrigs
རྗེས་འཇུག་རང་འདྲར་འགྲེང་བུ་སྦྱར་བའི་གེ་ངེ་དེ་ནེ་བེ་མེ་འེ་རེ་ལེ་སེ་རྣམས་རྒྱན་ཚིག་གི་མཐར་སྦྱར་ན་དོན་དུ་མར་འཇུག་པ་གཤམ་གསལ་ལྟར།
- language:
- Tibetan
-
༡ ཐ་སྙད་ལ་ལའི་མཐར་སྦྱར་ན་དབྱིབས་དང་རྣམ་པ་སོཊ་གློ་བུར་དུ་བྱུང་བའམ་གསལ་བར་མངོན་པ་མཚོན་པ་ནི། གདོང་ནག་རོག་གེ་སོང་། སྐྱ་རེངས་སྐྱ་སང་ངེ་ཤར་། ཐག་པ་རྦད་དེ་ཆད། རྗེས་དྲན་རྡོ་རིང་ལྷན་ནེ་འགྲེང་འདུག མུན་པ་ནག་འཐིབ་བེ་འཁྲིགས། མེ་ཏོག་དམར་ལྡེམ་མེ་བཞད། ལུག་རྣམས་ཐང་ལ་དཀར་ཐར་རེ་བཀྲམ། འབྲི་གཡག་རྣམས་ནག་ཅོལ་ལེ་འོང་གིན་འདུག་ཅེས་པ་སོགས་ལྟ་བུ།
- language:
- Tibetan
-
༢ རྒྱན་ཚིག་གི་མཐར་སྦྱར་ནས་བསྐྱར་ཟློས་སུ་བྱུང་ན་དབྱིབས་དང་རྣམ་པ་སོགས་བསྐྱར་ཟློས་སུ་བྱུང་བ་མཚོན་པ་ནི། རྔ་མོང་གུག་གེ་གུག་གེ་རྒྱུག་གིན་འདུག རྡོ་གཏགས་པའི་སྒྲ་ཐག་གེ་ཐག་གེ་གྲག ལྕགས་མགར་བའི་སྒྲ་སང་ངེ་སང་ངེ་བྱེད། མགོ་མདུང་ངེ་མདུང་ངེ་འགུལ་གྱིན་འདུག ཤུད་དེ་ཤུད་དེ་བརྒྱུགས། སློབ་ཐུན་འཚོགས ་པའི་དྲིལ་བརྡ་སིལ་ལེ་སིལ་ལེ་གྲག ཁྱི ་རྒན་ཧོན་ནེ་ཧོན་ནེ་ཟུག་གིན་འདུག ཆུ་འབུར་རེ་འབུར་རེ་འཕྱུར། དར་ཆ་ལྷབ་བེ་ལྷབ་བེ་རླུང་གིས་བསྐྱོད་སོགས་ལྟ་བུ།
- language:
- Tibetan
-
༣ རྒྱན་ཚིག་བསྐྱར་ཟློས་བྱེད་ཚུལ་ཁྱད་པར་བར་སྦྱར་ན་དབྱིབས་དང་རྣམ་པ་སོགས་ཆ་མི་སྙོམ་པ་དང་མང་བ་མཚོན་ཏེ། ཁང་བ་ད་གེ་དོག་གེ རྩྭ་ར་ངེ་རིང་ངེ། ཐག་པ་ཐ་ངེ་ཐུང་ངེ་། སྐད་ཆ་རྫ་ནེ་རྫུན་ནེ། ལུས་སྦྲ་དེ་སྦྲིད་དེ། ཚིག་ལྡ་བེ་ལྡིབ་བེ། དངོས་རྫས་ཐ་མེ་ཐུམ་མེ། ཤོག་གུ་ཧྲ་ལེ་ཧྲུལ་ལེ། རི་མདའ་ངེ་མདུང་ངེ། བྲག་ཟ་རེ་ཟོར་རེ་ཞེས་པ་སོགས་ལྟ་བུ།
- language:
- Tibetan
3. Thupten Phuntsok Dictionary
(གྲོགས་ཚིག) རྗེས་འཇུག་རང་འདྲར་འགྲེང་བུ་སྦྱར་བའི་གེ་ངེ་དེ་ནེ་བེ་མེ་འེ་རེ་ལེ་སེ་རྣམས་རྒྱན་ཚིག་གི་མཐར་སྦྱར་ན་དོན་དུ་མར་འཇུག་པ་གཤམ་གསལ་ལྟར། (1) ཐ་སྙད་ལ་ལའི་མཐར་སྦྱར་ན་དབྱིབས་དང་རྣམ་པ་སོཊ་གློ་བུར་དུ་བྱུང་བའམ་གསལ་བར་མངོན་པ་མཚོན་པ་ནི། གདོང་ནག་རོག་གེ་སོང་། སྐྱ་རེངས་སྐྱ་ཐང་ངེ་ཤར། ཐག་པ་རྨད་དེ་ཆད། རྗེས་དྲན་རྡོ་རིང་ལྷན་ནེ་འགྲེང་འདུག མུན་པ་ནག་འཐིབ་བེ་འཁྲིགས། མེ་ཏོག་དམར་ལྡེམ་མེ་བཞད། ལུག་རྣམས་ཐང་ལ་དཀར་ཐར་རེ་བཀྲམ། འབྲི་གཡག་རྣམས་ནག་ཅོལ་ལེ་འོང་གིན་འདུག་ཅེས་པ་སོགས་ལྟ་བུ། (2) རྒྱན་ཚིག་གི་མཐར་སྦྱར་ནས་བསྐྱར་ཟློས་སུ་བྱུང་ན་དབྱིབས་དང་རྣམ་པ་སོགས་བསྐྱར་ཟློས་སུ་བྱུང་བ་མཚོན་པ་ནི། རྔ་མོང་གུག་གེ་གུག་གེ་རྒྱུག་གིན་འདུག རྡོ་པའི་སྒྲ་ཐག་གེ་ཐག་གེ་གྲག ལྕགས་མགར་བའི་སྒྲ་སང་ངེ་སང་ངེ་བྱེད། མགོ་མདུང་ངེ་མདུང་ངེ་འགུལ་གྱིན་འདུག ཤུད་དེ་ཤུད་དེ་བརྒྱུགས། སློབ་ཐུན་འཚོགས་པའི་དྲིལ་བརྡ་སིལ་ལེ་སིལ་ལེ་གྲག། ཁྱི་རྒན་ཧོན་ནེ་ཧོན་ནེ་ཟུག་གིན་འདུག ཆུ་འབུར་རེ་འབུར་རེ་འཕྱུར། དར་ཆ་ལྷབ་བེ་ལྷབ་བེ་རླུང་གིས་བསྐྱོད་སོགས་ལྟ་བུ། (3) རྒྱན་ཚིག་བསྐྱར་ཟློས་བྱེད་ཚུལ་ཁྱད་པར་བར་སྦྱར་ན་དབྱིབས་དང་རྣམ་པ་སོགས་ཆ་མི་སྙོམ་པ་དང་མང་པ་མཚོན་ཏེ། ཁང་པ་ད་གེ་དོག་གེ། རྩྭ་ར་ངེ་རིང་ངེ་། ཐག་པ་ཐ་ངེ་ཐུང་ངེ་། སྐད་ཆ་རྫ་ནེ་རྫུན་ནེ། ལུས་སྦྲ་དེ་སྦྲིད་དེ། ཚིག་ལྡ་བི་ལྡེབ་བེ། དངོས་རྫས་ཐ་མེ་ཐུམ་མེ། ཤོག་གུ་ཧྲ་ལེ་ཧྲུལ་ལེ། རི་མདའ་ངེ་མདུང་ངེ་། བྲག་ཐ་རེ་ཐོར་རེ་ཞེས་པ་སོགས་ལྟ་བུ།
- language:
- Tibetan
4. smon lam tshig mdzod chen mo
(གྲོགས་ཚིག) རྗེས་འཇུག་རང་འདྲར་འགྲེང་བུ་སྦྱར་བའི་གེ་ངེ་དེ་ནེ་བེ་མེ་འེ་རེ་ལེ་སེ་རྣམས་རྒྱན་ཚིག་གི་མཐར་སྦྱར་ན་དོན་དུ་མར་འཇུག་པ་གཤམ་གསལ་ལྟར།
- language:
- Tibetan
-
1.ཐ་སྙད་ལ་ལའི་མཐར་སྦྱར་ན་དབྱིབས་དང་རྣམ་པ་སོཊ་གློ་བུར་དུ་བྱུང་བའམ་གསལ་བར་མངོན་པ་མཚོན་པ་ནི།
- Model Sentence
(དཔེར་ན།) གདོང་ནག་རོག་གེ་སོང་། སྐྱ་རེངས་སྐྱ་སང་ངེ་ཤར་། ཐག་པ་རྦད་དེ་ཆད། རྗེས་དྲན་རྡོ་རིང་ལྷན་ནེ་འགྲེང་འདུག མུན་པ་ནག་འཐིབ་བེ་འཁྲིགས། མེ་ཏོག་དམར་ལྡེམ་མེ་བཞད། ལུག་རྣམས་ཐང་ལ་དཀར་ཐར་རེ་བཀྲམ། འབྲི་གཡག་རྣམས་ནག་ཅོལ་ལེ་འོང་གིན་འདུག་ཅེས་པ་སོགས་ལྟ་བུ།
- language:
- Tibetan
-
2.རྒྱན་ཚིག་གི་མཐར་སྦྱར་ནས་བསྐྱར་ཟློས་སུ་བྱུང་ན་དབྱིབས་དང་རྣམ་པ་སོགས་བསྐྱར་ཟློས་སུ་བྱུང་བ་མཚོན་པ་ནི།
- Model Sentence
(དཔེར་ན།) རྔ་མོང་གུག་གེ་གུག་གེ་རྒྱུག་གིན་འདུག རྡོ་གཏགས་པའི་སྒྲ་ཐག་གེ་ཐག་གེ་གྲག ལྕགས་མགར་བའི་སྒྲ་སང་ངེ་སང་ངེ་བྱེད། མགོ་མདུང་ངེ་མདུང་ངེ་འགུལ་གྱིན་འདུག ཤུད་དེ་ཤུད་དེ་བརྒྱུགས། སློབ་ཐུན་འཚོགས་པའི་དྲིལ་བརྡ་སིལ་ལེ་སིལ་ལེ་གྲག། ཁྱི་རྒན་ཧོན་ནེ་ཧོན་ནེ་ཟུག་གིན་འདུག། ཆུ་འབུར་རེ་འབུར་རེ་འཕྱུར། དར་ཆ་ལྷབ་བེ་ལྷབ་བེ་རླུང་གིས་བསྐྱོད་སོགས་ལྟ་བུ།
- language:
- Tibetan
-
3.རྒྱན་ཚིག་བསྐྱར་ཟློས་བྱེད་ཚུལ་ཁྱད་པར་བར་སྦྱར་ན་དབྱིབས་དང་རྣམ་པ་སོགས་ཆ་མི་སྙོམ་པ་དང་མང་བ་མཚོན་ཏེ།
- Model Sentence
(དཔེར་ན།) ཁང་བ་ད་གེ་དོག་གེ། རྩྭ་ར་ངེ་རིང་ངེ། ཐག་པ་ཐ་ངེ་ཐུང་ངེ་། སྐད་ཆ་རྫ་ནེ་རྫུན་ནེ། ལུས་སྦྲ་དེ་སྦྲིད་དེ། ཚིག་ལྡ་བེ་ལྡིབ་བེ། དངོས་རྫས་ཐ་མེ་ཐུམ་མེ། ཤོག་གུ་ཧྲ་ལེ་ཧྲུལ་ལེ། རི་མདའ་ངེ་མདུང་ངེ། བྲག་ཟ་རེ་ཟོར་རེ་ཞེས་པ་སོགས་ལྟ་བུ།
- language:
- Tibetan
5. Negi Tibetan-Sanskrit Dictionary
1. nu khalu ཇི་ལྟར་བྱ་གེ་ཡོན་ཏན་ལ་བལྟའམ། འོན་ཏེ་ནོར་འབྱོར་པ་ལ་བལྟ kiṃ nu khalu karomi guṇaṃ paśyāmyuta dhanasamṛddhim jā.mā.304/177 2. = 93 trinavatisaṃkhyābodhakaḥ
- language:
- Sanskrit