- gung ri gung btsan/
- ID:
- T26321
- གུང་རི་གུང་བཙན (Tibetan, Tibetan script, Original)
- > gung ri gung btsan/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > gungri gungtsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
-
kin {gung ri gung btsan [bod rgyal zhig ste, srong btsan sgam po's son another name also gung srong gung rtsan; this king at 13 by srong btsan sgam pos rgyal sar bskos but at 18 d and srong btsan sgam pos again took the throne, in his reign CH tea and music spred in T, his yum, together w mong bza' khri lcam, dpal gyi yer pa'i lha khang bzhengs]
- language:
- English
-
king {gung ri gung btsan
- language:
- English
3. bod rgya tshig mdzod chen mo
[358] སྔར་བོད་རྒྱལ་ཞིག་སྟེ། སྲོང་བཙན་སྒམ་པོའི་སྲས་སུ་མིང་གཞན་གུང་སྲོང་གུང་རྩན་ནམ། གུང་སྲོང་གུང་བཙན་ཡང་ཟེར། རྒྱལ་པོ་འདི་དགུང་ལོ་བཅུ་གསུམ་གྱི་དུས་སུ་སྲོང་བཙན་སྒམ་པོས་རྒྱལ་སར་བསྐོས་ཀྱང་དགུང་ལོ་བཅོ་བརྒྱད་ལ་གཤེགས་རྗེས་སྲོང་བཙན་སྒམ་པོས་སླར་ཡང་སྲིད་སྐྱོང་མཛད། རྒྱལ་པོ་འདིའི་སྐབས་ཇ་དང་རོལ་མོ་རྒྱ་ནག་ནས་བོད་དུ་དར། རང་གི་ཡུམ་མོང་བཟའ་ཁྲི་ལྕམ་དང་ལྷན་ཅིག་ཏུ་དཔལ་གྱི་ཡེར་པའི་ལྷ་ཁང་བཞེངས། ...
- language:
- English
4. dung dkar bod rig pa'i tshig mdzod chen mo
ཡོངས་གྲགས་ཀྱི་བོད་ཡིག་ལོ་རྒྱུས་ཡིག་ཆ་ཕལ་ཆེ་བའི་ནང༌། སྲོང་བཙན་སྒམ་པོ་དགུང་ལོ་བརྒྱད་ཅུ་ལྷག་བཞུགས་པ་དང༌། བཙུན་མོ་མོང་བཟའ་ཁྲི་ལྕམ་ལ་སྲས་གུང་རི་གུང་བཙན་འཁྲུངས་པ། སྲས་དེ་དགུང་ལོ་བཅུ་གསུམ་ལོན་སྐབས་རྒྱལ་སྲིད་ལ་བསྐོས་ནས་ལོ་ལྔ་རིང་སྲིད་དབང་བསྐྱངས་པ། སྲས་དེ་དང་བཙུན་མོ་འ་ཞ་བཟའ་མོང་རྗེ་ཁྲི་དཀར་གཉིས་ལ་སྲས་མང་སྲོང་མང་བཙན་འཁྲུངས་པ་བཅས་བཤད་ཚུལ་གཅིག་གྱུར་ལྟ་བུ་ཡིན། མཁས་དབང་དགེ་འདུན་ཆོས་འཕེལ་སོགས་དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་མང་པོས་སྲོང་བཙན་སྒམ་པོ་མེ་གླང(༦༡༧)ལ་འཁྲུངས་ནས་དགུང་ལོ་ཉི་ཤུ་རྩ་ལྔ་པ་ལྕགས་གླང(༦༤༡)ལོར་རྒྱ་བཟའ་བཙུན་མོར་བཞེས་པ་དང༌། དེ་ནས་དགུང་ལོ་སོ་བཞི་པ་ལྕགས་ཁྱི(༦༥༠)ལོར་གཤེགས་པར་བཞེད་པ་དེའི་དབང་དུ་བྱས་ན་སྲོང་བཙན་གྱི་སྲས་གུང་རི་གུང་བཙན་དགུང་ལོ་བཅོ་བརྒྱད་ལ་ཡབ་སྲོང་བཙན་གོང་དུ་གཤེགས་པས་གུང་རི་གུང་བཙན་གྱི་སྲས་མང་སྲོང་མང་བཙན་ཡབ་ཀྱི་དགུང་ལོ་བཅུ་བདུན་ཡས་མས་ལ་འཁྲུངས་དགོས་པ་དང༌། མེས་པོ་སྲོང་བཙན་སྒམ་པོ་གཤེགས་དུས་ཚ་བོ་མང་སྲོང་མང་བཙན་དགུང་ལོ་བཅུ་གསུམ་ལོན་ཡོད་པ་ལྟར་ན། ཡབ་གུང་རི་གུང་བཙན་དགུང་ལོ་ལྔ་ལ་སླེབས་དུས་སྲས་མང་སྲོང་མང་བཙན་འཁྲུངས་དགོས་པས་ཧ་ཅང་རྒོད་བྲོ་བའི་གནས་ཤིག་ཡིན། དབལ་མང་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པའི<<རྒྱ་བོད་ཧོར་སོག་གི་ལོ་རྒྱུས>>སུ་གུང་སྲོང་དང་མང་སྲོང་གཉིས་སྐུ་མཆེད་ཡིན་པར་བཞེད་པ་དེ་ཁུངས་གང་འདྲ་ཞིག་ལ་བརྟེན་ནས་གསུངས་པ་ཡིན་མིན་མ་གསལ་བ་སོགས་དོགས་གཅོད་བྱ་དགོས་པ་མང་པོ་ཡོད་པས་འདིར་ཡི་གེ་མང་དོགས་གྱིས་མ་བྲིས་སོ། ། བཙན་པོ་འདིའི་བང་སོ་ནི་དོན་མཁར་མདའ(སྲོང་བཙན་བང་སོའི་མདུན་ངོས་ཀྱི་རི)ལ་བརྩིགས་ཤིང༌། མེས་པོ་གནམ་རི་སྲོང་བཙན་གྱི་བང་སོའི་གཡོན་ངོས་སུ་ཡོད་ཅིང༌། བང་སོའི་མིང་ལ་གུང་ཆེན་གུང་རི་ཟེར།
- language:
- Tibetan
5. Thupten Phuntsok Dictionary
སྤུ་རྒྱལ་སོ་བཞི་པ་སྟེ། མཚན་གཞན་གུང་སྲོང་གུང་བཙན་ཡང་ཟེར། འདི་ལོ་རྒྱུས་དེབ་ཐེར་རྣམས་སུ་སྲོང་བཙན་སྒམ་པོའི་སྲས་ཟེར་ཡང་། དོན་དུ་སྲོང་བཙན་སྒམ་པོའི་གཅུང་པོ་ཡིན། ཡབ་རྒྱལ་པོ་གནམ་རི་སྲོང་བཙན་དང་། ཡུམ་འབྲི་བཟའ་ཐོད་དཀར་གཉིས་ཀྱི་སྲས་སུ་སྤྱི་ལོ་༦༢༡པའི་ལྕགས་སྦྲུལ་ལོར་སྐུ་འཁྲུངས། དགུང་ལོ་བཅུ་བཞིར་སོན་པའི་ཤིང་རྟ་སྟེ་སྤྱི་ལོ༦༣༤ལོར་གཅེན་སྲོང་བཙན་སྒམ་པོ་དམག་ལ་ཕེབས་ཤུལ་དུ་རྒྱལ་སར་བཞུགས། སྐུ་གཤེན་ཞང་ཞུང་ཁྱུང་སྐར་གྱིས་མཛད། འ་ཞ་བཟའ་མོང་བཟའ་ཁྲི་ལྕམ་ཁབ་ཏུ་བཞེས། སྲས་མང་སྲོང་སྐུ་འཁྲུངས་པའི་ས་ཁྱི་ལོ་སྟེ་སྤྱི་ལོ༦༣༨ལོར་དགུང་ལོ་བཅོ་བརྒྱད་ལོན་པ་དང་སྐུ་གཤེགས།
- language:
- Tibetan
6. smon lam tshig mdzod chen mo
བོད་ཀྱི་རྒྱལ་པོ་ཞིག་སྲོང་བཙན་སྒམ་པོའི་སྲས་ཡིན། མིང་གཞན་གུང་སྲོང་གུང་རྩན་ནམ། གུང་སྲོང་གུང་བཙན་ཡང་ཟེར། རྒྱལ་པོ་འདི་དགུང་ལོ་བཅུ་གསུམ་གྱི་དུས་སུ་སྲོང་བཙན་སྒམ་པོས་རྒྱལ་སར་བསྐོས་ཀྱང་དགུང་ལོ་བཅོ་བརྒྱད་ལ་གཤེགས་རྗེས་སྲོང་བཙན་སྒམ་པོས་སླར་ཡང་སྲིད་སྐྱོང་མཛད། རྒྱལ་པོ་འདིའི་སྐབས་ཇ་དང་རོལ་མོ་རྒྱ་ནག་ནས་བོད་དུ་དར། རང་གི་ཡུམ་མོང་བཟའ་ཁྲི་ལྕམ་དང་ལྷན་ཅིག་ཏུ་དཔལ་གྱི་ཡེར་པའི་ལྷ་ཁང་བཞེངས།
- language:
- Tibetan
7. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་མ་ཚུགས་གོང་གི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ 638 ལོར་ཕོ་བྲང་དམར་པོ་རི་ལ་ཡབ་རྒྱལ་པོ་སྲོང་བཙན་སྒམ་པོ་དང་། ཡུམ་མོང་བཟའ་ཁྲི་ལྕམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་མ་ཚུགས་གོང་གི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ 655 ལོར་སྐུ་གཤེགས། ཁོང་[259]དགུང་ལོ་བཅུ་གསུམ་པ་བོད་ལུགས་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ 650 ལོར་མི་འཇིགས་གསེར་གྱི་ཁྲི་ལ་མངའ་གསོལ། སྐུ་གཤེན་ནི་ཞང་ཞུང་ཁྱུང་སྐར་ཡིན། ལོ་ངོ་ལྔའི་རིང་དུ་རྒྱལ་སྲིད་བསྐྱངས། བཙུན་མོ་འ་ཞ་བཟའ་ཁོ་འཇོ་མང་མོ་རྗེ་ཁབ་ཏུ་བཞེས་ཏེ་རིགས་སྲས་མང་སྲོང་མང་བཙན་སྐུ་འཁྲུངས། སྐུ་ཚེ་མཐར་མ་འཁྱོལ་ནས་དགུང་ལོ་བཅོ་བརྒྱད་པར་དགོངས་པ་མྱ་ངན་ལས་འདས་སོ། ཁོང་གི་བང་སོ་དོན་མཁར་མདའ་རུ་བརྩིགས་ཤིང་གྲལ་ནི་གནམ་རི་སྲོང་བཙན་གྱི་གཡོན་ན་ཡོད། ཁོང་གི་མཚན་གཞན་ལ་གུང་སྲོང་གུང་བཙན་དང་གུང་རི་གུང་ཆེན་ཞེས་ཞུའོ། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་ནི་《དེབ་ཐེར་ཀུན་གསལ་མེ་ལོང》ལས་བཏུས་པ་ཡིན་ནོ།།
- language:
- Tibetan