Skip to main content Skip to search
gu gul dkar po/
ID:
T26119
  • གུ་གུལ་དཀར་པོ (Tibetan, Tibetan script, Original)
    • > gu gul dkar po/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gugül karpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Dan Martin Dictionary

See spos dkar.

language:
English

2. Jim Valby Dictionary

frankincense

language:
English

3. Thupten Phuntsok Dictionary

སྤོས་དཀར་གྱི་མིང་གི་རྣམ་གྲངས་སུ་བཞེད་པར་ཞིག་དང་གུ་གུལ་རང་ཉིད་རིགས་དཀར་ནག་གཉིས་སུ་དབྱེ་བའི་ནང་ནས་དཀར་པོ་ལ་འདོད་པ་ཞིག་དང་གཉིས་མཆིས་ཏེ། འབྲི་གུང་ཆོས་གྲགས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་མཆན་ལས། གུ་གུལ་དཀར་པོ་ནི། སྤོས་དཀར་གྱི་མིང་གི་རྣམ་གྲངས་སོ། ཞེས་གསུངས་པ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མན་ངག་རྒྱུད་ཀྱི་འགྲེལ་པ་བཻ་སྔོན་ལས། གུ་གུལ་ཞེས་པ་འདིའི་སྐབས་སུ་དཀར་པོ་སྟེ་སྤོས་དཀར་ཡིན་པར་མཁས་པ་ཕལ་ཆེར་བཞེད་ཅིང་མཆན་བུ་སོགས་མཛད་ནའང་སྤྱིར་སྤོས་དཀར་ནག་སྐབས་དེ་ལྟར་འཐད་ཀྱང་། གུ་གུལ་རང་ལ་དཀར་ནག་གཉིས་སུ་ཡོད་པ་རྐྱང་སེལ་དུས་བཤད་པ་ལྟར་གྱི་གུ་གུལ་དཀར་པོ་རང་ཀུན་དང་བོངས་མཉམ་པ་དང་། ཞེས་དང་། བཤད་རྒྱུད་ཀྱི་འགྲེལ་པ་བཻ་སྔོན་ལས། གུ་གུལ་ལ་སྤྱི་མིང་བཅུ་གཅིག་འདིར་འདྲེ་འཇིག་ཐང་ཆུ་དང་གཉིས། དེའང་རིགས་དཀར་ནག་གཉིས། ཁ་དོག་ནག་སེར་དྭངས་པ་རྭ་ཤེལ་འདྲ་བ་དཀར་པོ་དང་། སྣ་ཐུང་ཉོག་པ་ནག་པོ་གཉིས། ཞེས་གསུངས་པ་དང་། སྤོས་དཀར་གྱི་མིང་གི་རྣམ་གྲངས་སུའང་གུ་གུལ་དཀར་པོ་ཞེས་བཀོད་འདུག་པས་སླད་དཔྱོད་ལྡན་དག་གིས་དཔྱོད་ཅིག

language:
Tibetan