Skip to main content Skip to search
kun rdzob bden pa/
ID:
T2592
  • ཀུན་རྫོབ་བདེན་པ (Tibetan, Tibetan script, Original)
    • > kun rdzob bden pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kündzop denpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Dan Martin Dictionary

Dung-dkar 86-87.

language:
English

2. Rangjung Yeshe Dictionary

  • superficial reality

    language:
    English
  • relative/ conventional/ superficial truth; conventional truth apparent reality, deceptive truth; relative truth. one of the བདེན་པ་གཉིས་. two truths, superficial truth, truth for a concealer; Relative Truth, [samvrittika satya]

    language:
    English

3. Ives Waldo Dictionary

relative truth [one of the two truths བདེན་པ་གཉིས་ 1) the vaibhashikas བྱེ་བྲག་སྨྲ་བ་ gang zhig bcom pa'am blos cha shas so sor bsal ba na rang 'dzin gyi blo 'dor rung ba'i chos su dmigs pa gzung 'dzin rags pa rnams dang 2) the Sautrantikas མདོ་སྡེ་པ་ rtog pas btags pa tsam du grub pa'i chos spyi mtshan rnams dang, 3) the mind only school སེམས་ཙམ་པ་ tha snyad dpyod pa'i rig shes kyis rnyed don kun btags dang gzhan dbang gi chos, 4) madhyamika དབུ་མ་ rang mngon sum du rtogs pa'i mngon sum tshad mas rang nyid gnyis snang dang bcas pa'i tshul gyi rtogs par bya ba rten 'brel snang ba'i chos. conventional truth, truth for a concealer, superficial truth, deceptive truth, narratives of former births, 1 of the གསུང་རབ་ཡན་ལག་བཅུ་གཉིས་ twelve divisions of the teachings), relative truth [one of the བདེན་པ་གཉིས་ two truths]

language:
English

4. Jim Valby Dictionary

conventional truth superficial truth, conditional or dependent truth, subjective truth, superficial reality

language:
English

5. Richard Barron Dictionary

relative (level of) truth

language:
English

6. bod rgya tshig mdzod chen mo

[24] བདེན་པ་གཉིས་ཀྱི་ཡ་གྱལ་ཞིག་སྟེ། བྱེ་བྲག་སྨྲ་བས་གང་ཞིག་བཅོམ་པའམ་བློས་ཆ་ཤས་སོ་སོར་བསལ་བ་ན་རང་འཛིན་གྱི་བློ་འདོར་རུང་བའི་ཆོས་སུ་དམིགས་པ་གཟུང་འཛིན་རགས་པ་རྣམས་དང། མདོ་སྡེ་པས་རྟོག་པས་བཏགས་པ་ཙམ་དུ་གྲུབ་པའི་ཆོས་སྤྱི་མཚན་རྣམས་དང། སེམས་ཙམ་པས་ཐ་སྙད་དཔྱོད་པའི་རིག་ཤེས་ཀྱིས་རྙེད་དོན་ཀུན་བཏགས་དང་གཞན་དབང་གི་ཆོས། དབུ་མ་པས་རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་རང་ཉིད་གཉིས་སྣང་དང་བཅས་པའི་ཚུལ་གྱི་རྟོགས་པར་བྱ་བ་རྟེན་འབྲེལ་སྣང་བའི་ཆོས་སུ་འདོད་པ་བཅས་འདོད་ལུགས་མི་འདྲ་བ་བཞི་ཡོད། ...

language:
English

7. dung dkar bod rig pa'i tshig mdzod chen mo

༡་བྱེ་བྲག་སྨྲ་བའི་ལུགས་ལྟར་ན་མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། བསལ་ན་དེ་བློ་མི་འཇུག་པ། བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། ཡོད་དེ་ཞེས་པ་ལྟར་ཆོས་གང་ལ་བཅོམ་བྱེད་ཀྱིས་བཅོམ་པ་དང་། སེལ་བྱེད་ཀྱི་བློས་ཆ་གཞན་བསལ་བས་དེར་འཛིན་གྱི་བློ་འདོར་དུ་རུང་བའི་ཆོས་ནི་ཀུན་རྫོབ་བདེན་པ་སྟེ། དཔེར་ན་བུམ་པ་དང་བུམ་པའི་ནང་གི་ཆུ་ལྟ་བུའོ། བུམ་པ་ཐོ་བས་བཅོམ་པ་ན་བུམ་འཛིན་གྱི་བློ་འདོར་བའི་ཕྱིར་དང་བུམ་ནང་གི་ཆུའི་ཁ་དོག་དང་དྲི་རོ་སོགས་བློས་ཆ་གཞན་བསལ་བ་ན་བུམ་ཆུར་འཛིན་པའི་བློ་དོར་བའི་ཕྱིར་རོ། ༢མདོ་སྡེ་པའི་ལུགས་ལྟར་ན། རྟོག་པས་བཏགས་ཙམ་གྱི་ཆོས་དེའི་མཚན་ཉིད། སྒྲ་དོན་རྣམས་དེའི་མཚན་གཞི། བུམ་པའི་སྒྲ་དོན་ཆོས་ཅན། ཁྱོད་ལ་ཀུན་རྫོབ་བདེན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ་སྤྱི་འཛིན་རྟོག་པ་ནི་བློ་ཀུན་རྫོབ་པ་ཡིན་ལ། ཁྱོད་དེའི་ངོ་བོར་བདེན་པས་ན་ཀུན་རྫོབ་བདེན་པ་ཞེས་བཤད་པའི་ཕྱིར། ༣་སེམས་ཙམ་པའི་ལུགས་ལྟར་ན། ཀུན་ནས་ཉོན་མོངས་པ་སྐྱེ་རུང་གི་ཆོས་ཐ་སྙད་པ་དེ་ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི་ནི་བུམ་པ་དང་། ཀ་བ་ལྟ་བུའོ། སྒྲ་བཤད་ནི། བཏགས་པ་དང་ཤེས་པ་དང་བརྗོད་པའི་ཀུན་རྫོབ་གསུམ་གྱི་ངོར་བདེན་པའམ་ཡོད་པས་ན་ཀུན་རྫོབ་བདེན་པ་ཞེས་བརྗོད། དེ་ལ་དབྱེ་ན། གཞན་དབང་དང་ཀུན་བཏགས་ཀྱིས་བསྡུས་པའི་ཀུན་རྫོབ་བདེན་པ་གཉིསྭ་ཡོད། དང་པོ་དང་འདུས་བྱས་དོན་གཅིག། གཉིས་པ་དང་དོན་དམ་བདེན་པ་ལས་གཞན་པའི་འདུས་མ་བྱས་ཀྱི་ཆོས་རྣམས་དོན་གཅིག། ༤དབུ་མ་རང་རྒྱུད་པའི་ལུགས་ལྟར་ན། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བ་དེ་ཀུན་རྫོབ་བདེན་པའི་མཚན་ཉིད། དེ་ཡང་ཀུན་རྫོབ་ནི་འཁྲུལ་བཅས་ཀྱི་བློའི་ཤེས་ངོར་རང་ལས་ཐ་དད་དུ་སྣང་བ་དང་བདེན་གྲུབ་ཏུ་སྣང་བའི་སྒོ་ནས་རྟོགས་པར་བྱ་བ་དེ་ལ་ཀུན་རྫོབ་བདེན་པ་ཞེས་བརྗོད་པ་ཡིན། མཚན་གཞི་ནི་བུམ་པ་ལྟ་བུའོ། ༥དབུ་མ་ཐལ་འགྱུར་བའི་ལུགས་ལྟར་ན། རྟོག་པས་བཏགས་ཙམ་དུ་གྲུབ་པའི་ཆོས་དེ་ཀུན་རྫོབ་བདེན་པའི་མཚན་ཉིད། ཡང་ན། དོན་དམ་པར་དོན་བྱེད་མི་ནུས་པའི་ཆོས་དེ་ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི་ནི། ནམ་མཁའ་དང་། གང་ཟག་གི་དོན་སྤྱི་ལྟ་བུའོ། ཀུན་རྫོབ་བདེན་པ། རྟག་པ། སྤྱི་མཚན་རྣམས་དོན་གཅིག་ཡིན། སྒྲ་བཤད་ནི། འདུས་མ་བྱས་ཀྱི་ནམ་མཁའ་སོགས་ཆོས་ཅན། ཁྱོད་ལ་ཀུན་རྫོབ་བདེན་པ་ཞེས་བྱ་སྟེ། བློ་ཀུན་རྫོབ་པ་རྟོག་པའི་ངོ་ཙམ་དུ་བདེན་པས་ན། ཀུན་རྫོབ་བདེན་པ་ཞེས་བརྗོད་པའི་ཕྱིར། ཀུན་རྫོབ་བདེན་པ་ཞེས་པའི་ཚིག་ཟུར་གྱི་ཀུན་རྫོབ་དེ་རྟོག་པ་ལ་བྱེད་ཅིང་ཁྱོད་དེའི་ངོ་ཙམ་དུ་བདེན་པས་སོ།

language:
Tibetan

8. Thupten Phuntsok Dictionary

བདེན་པ་གཉིས་ཀྱི་ཡ་གྱལ་ཞིག་སྟེ། བྱེ་བྲག་སྨྲ་བས་གང་ཞིག་བཅོམ་པའམ་བློས་ཆ་ཤས་སོ་སོར་བསལ་བ་ན་རང་འཛིན་གྱི་བློ་འདོར་རུང་བའི་ཆོས་སུ་དམིགས་པ་གཟུང་འཛིན་རགས་པ་རྣམས་དང་། མདོ་སྡེ་པས་རྟོག་པས་བཏགས་པ་ཙམ་དུ་གྲུབ་པའི་ཆོས་སྤྱི་མཚན་རྣམས་དང་། སེམས་ཙམ་པས་ཐ་སྙད་དཔྱོད་པའི་རིག་ཤེས་ཀྱིས་རྙེད་དོན་ཀུན་བཏགས་དང་གཞན་དབང་གི་ཆོས། དབུ་མ་པས་རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་རང་ཉིད་གཉིས་སྣང་དང་བཅས་པའི་ཚུལ་གྱི་རྟོགས་པར་བྱ་བ་རྟེན་འབྲེལ་སྣང་བའི་ཆོས་སུ་འདོད་པ་བཅས་འདོད་ལུགས་མི་འདྲ་བ་བཞི་ཡོད།

language:
Tibetan

9. smon lam tshig mdzod chen mo

བདེན་པ་གཉིས་ཀྱི་ཡ་གྱལ་ཞིག་བྱེ་བྲག་སྨྲ་བས་གང་ཞིག་བཅོམ་པའམ་བློས་ཆ་ཤས་སོ་སོར་བསལ་བ་ན་རང་འཛིན་གྱི་བློ་འདོར་རུང་བའི་ཆོས་སུ་དམིགས་པ་གཟུང་འཛིན་རགས་པ་རྣམས་དང༌། མདོ་སྡེ་བས་རྟོག་པས་བཏགས་པ་ཙམ་དུ་གྲུབ་པའི་ཆོས་སྤྱི་མཚན་རྣམས་དང༌། སེམས་ཙམ་པས་ཐ་སྙད་དཔྱོད་པའི་རིག་ཤེས་ཀྱིས་རྙེད་དོན་ཀུན་བཏགས་དང་གཞན་དབང་གི་ཆོས། དབུ་མ་བས་རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་རང་ཉིད་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བ་རྟེན་འབྲེལ་སྣང་བའི་ཆོས་སུ་འདོད་པ་བཅས་འདོད་ལུགས་མི་འདྲ་བ་བཞི་ཡོད།

language:
Tibetan

10. Lokesh Chandra Tibetan-Sanskrit dictionary

Sanskrit:
saṃvṛtisatya

11. Negi Tibetan-Sanskrit Dictionary

= ཀུན་རྫོབ་ཀྱི་བདེན་པ།

language:
Sanskrit
Sanskrit:
saṃvṛtisatya