- a khyung ngag dbang mkhyen rab
- ID:
- T247339
- ཨ་ཁྱུང་ངག་དབང་མཁྱེན་རབ (Tibetan, Tibetan script, Original)
- > a khyung ngag dbang mkhyen rab (Tibetan, Latin script, Transliteration-THL Extended Wylie Transliteration)
- > akhyung ngawang khyenrap (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་ནི་ཨ་ཁྱུང་དྲུང་རམས་པ་མཁས་མཆོག་ཡེ་ཤེས་ཀྱི་སྤྲུལ་སྐུ་ཡིན། སྐུ་གཞོན་ནུའི་དུས་སུ་གྲུབ་ཆེན་ངག་དབང་བློ་བཟང་བསྟན་འཛིན་དང་། རྔ་རྒོད་ནམ་མཁའ་སེང་གེ། མཁན་ཆེན་དྲུང་ཡིག་བློ་བཟང་རྒྱ་མཚོ་སོགས་མཁས་གྲུབ་དམ་པ་མང་པོ་སློབ་དཔོན་དུ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ཆེན་སྤྱི་དང་། ཁྱད་པར་དུ་སུམ་རྟགས། སྙན་ངག སྡེབ་སྦྱོར་སོགས་ལ་མཁས་པའི་ཡང་རྩེར་སོན། བིས་པ་ངག་དབང་མི་ཕམ་ཟླ་བ་མཆོག་གིས་རྗེ་འདི་ལས་སྙན་ངག་སྦྱངས་བརྩོན་མཛད། མདོ་སྨད་ཁ་གྱ་ཚོ་དྲུག་གི་ཨ་ཁྱུང་སྒོམ་གྲྭ་ཐར་པ་གླིང་ཕྱག་བཏབ། ཆོས་བསྟོད་དང་རྣམ་ཐར་སོགས་པོད་གཅིག་ལྗགས་རྩོམ་གནང་། རྗེ་ངག་དབང་མཁྱེན་རབ་འདི་ཉིད་ཀྱི་རྣམ་ཐར་མ་མཇལ་བས་འཁྲུངས་ལོ་དང་འདས་ལོ་ཁ་གསལ་མ་འཁོད་ཀྱང་། རྗེ་གང་གི་སློབ་དཔོན་དང་སློབ་མའི་ལོཚིགས་ལ་བལྟས་ན་རབ་བྱུང་བཅུ་གསུམ་པར་བྱུང་བའི་མཁས་པ་ཞིག་ཡིན།
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་ནི་ཨ་ཁྱུང་དྲུང་རམས་པ་མཁས་མཆོག་ཡེ་ཤེས་ཀྱི་སྤྲུལ་སྐུ་ཡིན། སྐུ་གཞོན་ནུའི་དུས་སུ་གྲུབ་ཆེན་ངག་དབང་བློ་བཟང་བསྟན་འཛིན་དང་། རྔ་རྒོད་ནམ་མཁའ་སེང་གེ། མཁན་ཆེན་དྲུང་ཡིག་བློ་བཟང་རྒྱ་མཚོ་སོགས་མཁས་གྲུབ་དམ་པ་མང་པོ་སློབ་དཔོན་དུ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ཆེན་སྤྱི་དང་། ཁྱད་པར་དུ་སུམ་རྟགས། སྙན་ངག སྡེབ་སྦྱོར་སོགས་ལ་མཁས་པའི་ཡང་རྩེར་སོན། བིས་པ་ངག་དབང་མི་ཕམ་ཟླ་བ་མཆོག་གིས་རྗེ་འདི་ལས་སྙན་ངག་སྦྱངས་བརྩོན་མཛད། མདོ་སྨད་ཁ་གྱ་ཚོ་དྲུག་གི་ཨ་ཁྱུང་སྒོམ་གྲྭ་ཐར་པ་གླིང་ཕྱག་བཏབ། རྗེ་གང་གི་སློབ་དཔོན་དང་སློབ་མའི་ཚིགས་ལ་བལྟས་ན་རབ་བྱུང་བཅུ་གསུམ་པར་བྱུང་བའི་མཁས་པ་ཞིག་ཡིན།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས་པ་ཡིན། མདོ་སྨད་ཁ་གྱ་ཚོ་དྲུག་གི་ཨ་ཁྱུང་སྒོམ་གྲྭ་ཐར་བ་གླིང་ཕྱག་འདེབས་མཛད་མཁན་ཨ་ཁྱུང་དྲུང་རམས་པ་མཁས་མཆོག་ཡེ་ཤེས་ཀྱི་སྤྲུལ་སྐུ་ཡིན། སྐུ་གཞོན་དུས་ནས་གྲུབ་ཆེན་ངག་དབང་བློ་བཟང་བསྟན་འཛིན (1745—1872) དང་། རྔ་རྒོད་ནམ་མཁའ་སེང་གེ (1712—1780)། མཁན་ཆེན་དྲུང་ཡིག་བློ་བཟང་རྒྱ་མཚོ་སོགས་མཁས་གྲུབ་དམ་པ་མང་པོ་སློབ་དཔོན་དུ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་གསན་སྦྱོང་ལེགས་པར་མཛད། ཁྱད་པར་དུ་སུམ་རྟགས་དག་གསུམ་དང་། སྙན་ངག མངོན་བརྗོད། སྡེབ་སྦྱོར་སོགས་ལ་མཁས་པའི་ཡང་རྩེར་སོན། བིས་པ་ངག་དབང་མི་ཕམ་ཟླ་བས (1767—1807) ཁོང་ལས་སྙན་ངག་སྦྱངས་ཞེས《མདོ་སྨད་ཆོས་འབྱུང་》ལས་གསུངས། སྐུ་ཚེ་གང་བོར་ཆོས་མདོ་སྔགས་གཉིས་ཀྱིས་འཆད་གཉེར་མཛད་ནས་བསྟན་[1900]འགྲོའི་དོན་ཆེན་འབའ་ཞིག་བསྒྲུབས་ནས་དུས་འདའ་བར་མཛད། ཁོང་གི་གསུང་རྩོམ་ནི《མཚམས་སྦྱོར་ལྔ་པའི་འགྲེལ་བ》དང་། 《གཞི་ལམ་འབྲས་གསུམ་གྱི་རྣམ་གཞག》། 《གང་བློའི་འགྲེལ་བ》། 《སྡེབ་སྦྱོར་ངོ་མཚར་རྟོགས་བྱེད》། 《སུམ་ཅུ་པའི་དཔེར་བརྗོད》། 《སྙན་ངག་དབྱངས་ཅན་པི་ཝང》། 《ཁྱུང་ཁྲའི་མངོན་རྟོགས་ལོ་རྒྱུས》བཅས་ཆོས་ཚན་སུམ་ཅུ་སོ་གཉིས་ཡོད་པའི་པོད་གཅིག་བཞུགས་སོ། །
- language:
- Tibetan