Skip to main content Skip to search
lha rtse ye shes chos 'phel
ID:
T247176
  • ལྷ་རྩེ་ཡེ་ཤེས་ཆོས་འཕེལ (Tibetan, Tibetan script, Original)
    • > lha rtse ye shes chos 'phel (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lha tsé yeshe chö pel (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྗེ་འདི་ནི་ལྷ་རྩེ་ཡུལ་དུ་ཡབ་ཁྱིམ་བདག་ཕུན་ཚོགས་དང་ཡུམ་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ས་རྟ༡༧༩༨ལོར་འཁྲུངས། དགུང་ལོ་ལྔ་ལ་ལྷ་ཆོས་དགའ་ལྡན་གླིང་གི་ཆོས་གྲྭར་ཞུགས་ནས་མཁན་པོ་ཡེ་ཤེས་ཆོས་འཕེལ་ནས་སྐྲ་ཕུད་བཞེས། དགུང་ལོ་བརྒྱད་ལ་གོང་གི་མཁན་པོའི་དྲུང་ནས་རབ་བྱུང་གི་སྡོམ་པ་བཞེས། མཚན་ཡེ་ཤེས་ཆོས་འཕེལ་དུ་བསྩལ། སློབ་དཔོན་ཐོགས་མེད་གྲགས་པ་ཚུལ་བཞིན་བསྟེན་ནས་ཡི་གེ་ཀློག་པ་དང། ཆོས་སྤྱོད་སོགས་ཐུགས་འཛིན་མཛད། དེ་ནས་འདུལ་མཛོད་དབུ་ཕར་བཞིའི་རྩ་བ་དང་འདོན་ཆ་སོགས་རྒྱུགས་ཕུལ། དགུང་ལོ་བཅུ་གཉིས་སྐབས་ནས་ཐུན་དྲུག་རྣལ་འབྱོར་ལ་ཐུགས་བརྩོན་མཛད། དགུང་ལོ་བཅུ་བཞིའི་ཐོག་སློབ་དཔོན་བློ་བཟང་མགོན་པོའི་དྲུང་ནས་གཞི་དུས་སྐྱེ་ཤི་བར་དོ་གསུམ་དང། ལམ་དུས་སྐུ་གསུམ་སོགས་ཀྱི་ཁྲིད་ཞུས། ཕྱིན་ཆད་སྙོམས་ཆུང་སྡོད་མཁས་ཀྱི་སྲོག་འཚོའི་འཚོ་བར་བརྟེན་ནས་སྟོབས་བཞིའི་ཕྱག་འབུམ་དང། སྔོན་འགྲོ་ཁྲིད་ཆེན་བཞི་ལན་མང་གསོག་པར་མཛད། དགུང་ལོ་བཅུ་བདུན་ལ་ལྷ་སར་ཕེབས་སྐབས་རྒྱལ་དབང་ཚུལ་ཁྲིམས་རྒྱ་མཚོ་ལ་མཇལ་ཕྱག་ཞུས། ཇོ་ཤཱཀྱ་རྣམ་གཉིས་དང་སེ་འབྲས་སོགས་ལ་གནས་གཟིགས་ཀྱིས་བཀྲས་ལྷུན་བརྒྱུད་ངམ་རིང་དུ་ཕྱིར་ཕེབས་ནས་ཆོས་སྡེར་གྲྭ་སྐོར་ཟིན་རྗེས་རབ་འབྱམས་པའི་མཚན་བཏགས་བཞེས། དགུང་ལོ་ཉེར་དགུའི་ཐོག་རྗེ་བཙུན་བླ་མ་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་དཔལ་བཟང་པོའི་སྐུ་འདུན་ནས་དགེ་སློང་གི་སྡོམ་པ་བཞེས། དགུང་ལོ་གསུམ་བཅུའི་ཐོག་ངམ་རིང་དགོན་དུ་ཚོགས་ཡོངས་ལ་གསང་བདེ་འཇིགས་གསུམ་གྱི་དབང་སོགས་གནང། དགུང་ལོ་སོ་ལྔའི་ཐོག་བདེ་ཆེན་རི་ཁྲོད་དུ་ཕེབས་ནས་རྟ་མགྲིན་གྱི་ལྗགས་བསྙེན་དང། སྔོན་འགྲོའི་ཁྲིད་ཆེན་ལ་ཐུགས་བརྩོན་དྲག་པོ་མཛད། དགུང་ལོ་རེ་གསུམ་ལ་ལྷ་ས་དང་བསམ་ཡས་མཇལ་བར་ཕེབས་སྐབས་ལྷ་ལྡན་དུ་ཞག་ཤས་བཞུགས་རིང་འབྲས་གཙང་པ་རྡོ་རྗེ་འཆང་གི་མཆོག་སྤྲུལ་དང། ཚེ་གླིང། ཉི་ཐང་སྤྲུལ་སྐུ་སོགས་ལ་འཇིགས་བྱེད་ཀྱི་རྗེས་གནང་བསྩལ། རྩོམ་པ་ལ་མཚོན་ནལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་མདོར་བསྡུས》 《གྲུབ་ཐོབ་བརྒྱད་ཅུའི་རྟོགས་བརྗོད་བསྡུས་དོན་དངོས་གྲུབ་གཏེར་མཛོད》 《འཁྲུངས་རབས་སོ་བཞིའི་བྲིས་ཐང་འབྲི་ཚུལ་དང་འབྲེལ་བའི་རྣམ་བཤད་མདོར་བསྡུས》 《ཐེག་ཆེན་བློ་སྦྱོང་གི་ཟིན་བྲིས》 《སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཀྱི་རྗེས་གནང་གི་བཅའ་གཞི་གཤོམས་ཚུལ་མདོར་བསྡུས》 《གསན་ཡིག་རིན་ཆེན་གཏེར་མཛོདསོགས་པོ་ཏི་འབྲིང་བ་གཅིག་ཙམ་བཞུགས། སྐུ་ཚེའི་སྨད་དུ་བཀྲས་ལྷུན་བརྒྱུད་བདེ་ཆེན་རི་ཁྲོད་དུ་ཕེབས་ནས་ཐུགས་དམ་ཁོ་ནར་གཞོལ། དགུང་ལོ་དོན་གསུམ་ལ་ཕེབས་པ་རབ་བྱུང་བཅོ་ལྔ་པའི་ལྕགས་རྟ(༡༨༧༠)ལོར་སྐུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

རྗེ་འདི་ནི་ལྷ་རྩེ་ཡུལ་དུ་ཡབ་ཁྱིམ་བདག་ཕུན་ཚོགས་དང་ཡུམ་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ས་རྟ (༡༧༩༨) ལོར་འཁྲུངས། དགུང་ལོ་ལྔ་ལ་ལྷ་ཆོས་དགའ་ལྡན་གླིང་གི་ཆོས་གྲྭར་ཞུགས་ནས་མཁན་པོ་ཡེ་ཤེས་ཆོས་འཕེལ་ནས་སྐྲ་ཕུད་བཞེས། དགུང་ལོ་བརྒྱད་ལ་གོང་གི་མཁན་པོའི་དྲུང་ནས་རབ་བྱུང་གི་སྡོམ་པ་བཞེས། མཚན་ཡེ་ཤེས་ཆོས་འཕེལ་དུ་བསྩལ། སློབ་དཔོན་ཐོགས་མེད་གྲགས་པ་ཚུལ་བཞིན་བསྟེན་ནས་ཡི་གེ་ཀློག་པ་དང་། ཆོས་སྤྱོད་སོགས་ཐུགས་འཛིན་མཛད། དེ་ནས་འདུལ་མཛོད་དབུ་ཕར་བཞིའི་རྩ་བ་དང་འདོན་ཆ་སོགས་རྒྱུགས་ཕུལ། དགུང་ལོ་བཅུ་གཉིས་སྐབས་ནས་ཐུན་དྲུག་རྣལ་འབྱོར་ལ་ཐུགས་བརྩོན་མཛད། སྐུ་ཚེ་སྨད་དུ་བཀྲས་ལྷུན་བརྒྱུད་བདེ་ཆེན་རི་ཁྲོད་དུ་ཕེབས་ནས་ཐུགས་དམ་ཁོ་ནར་གཞོལ། དགུང་ལོ་དོན་གསུམ་ལ་ཕེབས་པ་རབ་བྱུང་བཅོ་ལྔ་པའི་ལྕགས་རྟ (༡༨༧༠) ལོར་སྐུ་གཤེགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ 1798 ལོར་ལྷ་རྩེར་ཡབ་ཁྱིམ་བདག་ཕུན་ཚོགས་དང་། ཡུམ་བུ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གདུང་རུས་མགར་ཡིན། རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ 1870 ལོར་སྐུ་གཤེགས། ཁོང་དགུང་ལོ་ལྔ་པར་ལྷ་ཆོས་དགའ་ལྡན་གླིང་གི་ཆོས་གྲྭར་ཞུགས་ནས་མཁན་པོ་ཡེ་ཤེས་ཆོས་འཕེལ་ལ་གཙུག་ཕུད་ཕུལ། དགུང་ལོ་བརྒྱད་པར་མཁན་པོ་འདི་བ་ལས་རབ་བྱུང་བསྒྲུབས་ཤིང་མཚན་ལ་ཡེ་ཤེས་ཆོས་འཕེལ་ཞེས་གསོལ། སློབ་དཔོན་ཐོགས་མེད་གྲགས་པ་ལས་ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལ་སྦྱངས་པ་མཛད། དགུང་ལོ་བདུན་པར་སློབ་[1864]དཔོན་བློ་བཟང་མགོན་པོ་ལས་མདོ་རྒྱུད་ཀྱི་ཆོས་གཞུང་དབང་ལུང་མན་ངག་མང་དུ་གསན་ནས་རབ་འབྱམས་པའི་མཚན་བཏགས་བཞེས། དགུང་ལོ་ཉེར་དགུ་པར་བླ་མ་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་སོ་ལྔ་པར་བདེ་ཆེན་རི་ཁྲོད་དུ་ཕེབས་ནས་སྒྲུབ་པ་་ཉམས་ལེན་ཁོ་ན་མཛད་ནས་དུས་འདའ་བའོ། དགུང་ལོ་དོན་གསུམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། ཁོང་གི་གསུང་རྩོམ་ནིལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་མདོར་བསྡུསདང་།གྲུབ་ཐོབ་བརྒྱད་ཅུའི་རྟོགས་བརྗོད་བསྡུས་དོན་དངོས་གྲུབ་གཏེར་མཛོདའཁོན་རིགས་བླ་མའི་གདུང་རུས་ཀྱི་ལོ་རྒྱུས་མདོར་བསྡུསའཁྲུངས་རབས་སོ་བཞིའི་བྲིས་ཐང་འབྲི་ཚུལ་དང་འབྲེལ་བའི་རྣམ་བཤད་མདོར་བསྡུསཐེག་ཆེན་བློ་སྦྱོང་གི་ཟིན་བྲིསགསན་ཡིག་རིན་ཆེན་གཏེར་མཛོདལྷ་རྩེ་ཆོས་རྫོང་གཉིས་ཀྱི་དཀར་ཆགབཅས་ཆོས་ཚན་བཞི་བཅུ་ཞེ་ལྔ་ལོངས་པའི་པོད་གཅིག་བཞུགས་སོ།

language:
Tibetan