- sa'e hrang
- ID:
- T245935
- སའེ་ཧྲང (Tibetan, Tibetan script, Original)
- > sa'e hrang (Tibetan, Latin script, Transliteration-THL Extended Wylie Transliteration)
- > sa'é hrang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཞེས་པ་ནི་ཧྥ་རན་སིའི་རི་མོ་མཁས་ཅན་དང་འཆར་སྣང་གྲུབ་མཐའ་རྗེས་མའི་ཚབ་བྱེད་མི་སྣའི་གྲས་ཤིག་ཡིན། ཁོང་གི་རྩམ་བྱའི་ཁྱད་ཆོས་ནི་དངོས་པོའི་བོངས་ཚད་ཀྱི་གྲུབ་ཆ་མཚོན་པར་ཤིན་ཏུ་མཁས། ཁོང་གི་བརྩམ་བྱ་མང་ཆེ་བ་ནི་འགུལ་མེད་དངོས་པོའི་རི་མོ་དང་ཡུལ་ལྗོངས་རི་མོ་ཡིན། ཁོང་གི་གསུང་ལས་ཀ་ཟླུམ་རིལ་དབྱིབས་དང་ཟླུམ་གཟུགས། རྣོ་ཟུར་རིལ་དབྱིབས་བཅས་ལ་བརྟེན་ནས་བྲི་བྱ་མཚོན་པ་བྱེད་དགོས་ཞེས་པའི་ལེགས་བཤད་དང་། གསར་རྩོམ་བརྩམས་བྱ་དེ་དག་ལ་བརྟེན་ནས་ཁོང་ནི་ནུབ་ཕྱོགས་དེང་རབས་རིང་ལུགས་ཀྱི་གྲུབ་མཐའ་ཁག་གི་སྔོན་བྱོན་པར་གྱུར་ཏེ་དེང་རབས་སྒྱུ་རྩལ་གྱི་ཡབ་ཆེན་ཞེས་པའི་མཚན་སྙན་ཐོབ། ཁོང་གི་ཚབ་བྱེད་བརྩམ་བྱ་ནི་དཀར་ཡོལ་ཡོད་པའི་འགུལ་མེད་དངོས་པོ་》དང་ཏག་སེ་རྒྱག་མཁན་》ཞེས་པ་སོགས་ཡིན།
- language:
- Tibetan