- shri thu bo blo bzang bstan pa'i nyi ma
- ID:
- T245653
- ཤྲི་ཐུ་བོ་བློ་བཟང་བསྟན་པའི་ཉི་མ (Tibetan, Tibetan script, Original)
- > shri thu bo blo bzang bstan pa'i nyi ma (Tibetan, Latin script, Transliteration-THL Extended Wylie Transliteration)
- > shri tuwo lo zang tenpé nyima (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་ནི་ཁུ་རེ་ནོར་ཡུལ་དུ་རབ་བྱུང་བཅུ་གཉིས་པའི་ས་སྦྲུལ(༡༦༨༩)ལོར་སྐུ་འཁྲུངས། སྐུ་གཞོན་དུས་དབུས་ལྷ་ལྡན་དུ་གནས་སྐོར་ལ་ཕེབས་ཏེ་གྲྭ་སར་ལ་ཞུགས་ནས་མདོ་སྔགས་གཞུང་ལུགས་ཡོངས་ལ་གསན་སྦྱོང་མཛད། བླ་མ་ངག་དབང་བློ་བཟང་བཀྲ་ཤིས་དྲུང་ནས་དགེ་ཚུལ་སློང་གི་སྡོམ་པ་བཞེས། རྗེ་འཇམ་དབྱངས་བློ་གྲོས་དང་། ངག་དབང་ཆོས་སྐྱོང་སོགས་བླ་མ་རྣམས་བསྟེན་ནས་རིག་པའི་གནས་ཀུན་ལ་སྦྱངས་པ་མཐར་ཕྱིན་མཛད་དེ་མཁས་པར་གྱུར། དབང་ལུང་ཁྲིད་སོགས་མང་དུ་གསན། དེ་ནས་གོང་མ་ཡུའུ་ཛི་ནས་རྒྱ་ནག་པེ་ཅིན་དུ་གདན་དྲངས་ཏེ་ཧུའི་ཨུ་ཆན་དགའ་ལྡན་ཤྲི་ཐུ་ཧོ་ཐོག་ཐུའི་མཚན་སྙན་ཕུལ། པེ་ཅིན་ཙན་དན་དགོན་ཇོ་བོའི་བླ་བྲང་དུ་རྒྱུན་རིང་བཞུགས་ཏེ་གསུང་ཆོས《བརྒྱ་རྩའི་རྣམ་བཤད་ཚོགས་གཉིས་ཤིང་རྟ》ཞེས་པ་དང་། 《འདུལ་བའི་ལས་ཆོག་ཚིག་དོན་རྣམ་བཤད 》《སྒྲོན་མེ》 《ཛམ་ལྷ་དཀར་ནག་སེར་གསུམ་དང་ཀླུའི་ཆུ་སྦྱིན》 《སངས་རྒྱས་བྱང་སེམས་ཀྱི་བསྟོད་པ》《སྡོམ་པ་གསུམ་གྱི་ཉེས་ལྟུང་མིང་རིགས་ཀྱི་སྒོ་ནས་ངོས་བཟུང་སྟེ་བཤགས་སྡོམ་བྱེད་ཚུལ》 《ཉིན་ཞག་ཕྲུགས་གཅིག་གི་ཐུན་མཚམས་ཀྱི་རྣམ་འབྱོར》《ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས་ཐེམ་སྐས》ཞེས་པ་སོགས་བསྟན་བཅོས་མང་དུ་བརྩམས། སོག་ཡུལ་མཚོ་བདུན་དགོན་དུ་བཞུགས་ཏེ་འཆད་རྩོད་རྩོམ་གསུམ་གྱི་བགྱི་བ་རྒྱ་ཆེར་སྤེལ། དགུང་གྲངས་བརྒྱད་ཅུ་གྱ་བཞི་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག་(༡༧༧༢)ལོར་དགོངས་པ་གཞན་དུ་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་ནི་ཁུ་རེ་ནོར་ཡུལ་དུ་རབ་བྱུང་བཅུ་གཉིས་པའི་ས་སྦྲུལ (༡༦༨༩) ལོར་སྐུ་འཁྲུངས། སྐུ་གཞོན་དུས་དབུས་ལྷ་ལྡན་དུ་གནས་སྐོར་ལ་ཕེབས་ཏེ་གྲྭ་སར་ཞུགས་ནས་མདོ་སྔགས་གཞུང་ལུགས་ཡོངས་ལ་གསན་སྦྱོང་མཛད། བླ་མ་ངག་དབང་བློ་བཟང་བཀྲ་ཤིས་དྲུང་ནས་དགེ་ཚུལ་སློང་གི་སྡོམ་པ་བཞེས། རྗེ་འཇམ་དབྱངས་བློ་གྲོས་དང་། ངག་དབང་ཆོས་སྐྱོང་སོགས་བླ་མ་རྣམས་བསྟེན་ནས་རིག་པའི་གནས་ཀུན་ལ་སྦྱངས་པ་མཐར་ཕྱིན་མཛད་དེ་མཁས་པར་གྱུར། དབང་ལུང་ཁྲིད་སོགས་མང་དུ་གསན། དགུང་གྲངས་བརྒྱད་ཅུ་གྱ་བཞི་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག (༡༧༧༢) ལོར་དགོངས་པ་གཞན་དོན་དུ་གཤེགས།
- language:
- Tibetan