- lum pa'i lha khang
- ID:
- T245071
- ལུམ་པའི་ལྷ་ཁང (Tibetan, Tibetan script, Original)
- > lum pa'i lha khang (Tibetan, Latin script, Transliteration-THL Extended Wylie Transliteration)
- > lumpé lhakhang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(སྟོད་ལུང་བདེ་ཆེན་རྫོང་ཁོངས)《མཁས་པ་ལྡེའུའི་ཆོས་འབྱུང》ནང་ཁྱུང་པོ་སྤོ་རིང་པོས་ཧོར་གྱི་དམག་དཔོན་བྱས་པའི་སྡིག་སྦྱོངས་སུ་སྟོད་ལུང་ལུམ་པའི་ལྷ་ཁང་བཞེངས་ཞེས་གསལ་བ་ལྟར་དེ་སྔོན་མང་ཚོགས་ཀྱི་རྒྱུན་དུ་སྟོད་ལུང་ལུམ་པ་ཟམ་པའི་ཤར་ངོས་ཀྱི་བྲག་ཟུར་གྱི་སྟེང་ལ་རྩིག་ཤུལ་ཞིག་ཡོད་པ་དེ་ལུམ་པ་ལྷ་ཁང་གི་ཤུལ་རེད་ཟེར་ཡང་། རབ་བྱུང་བཅུ་བདུན་པ་མེ་ཡོས་(༡༩༨༧)ལོར་གུ་རུམ་ཆུས་གནས་ཡུལ་གྱི་བྱང་ངོས་སུ་རྒས་གསོ་ཁང་གསར་སྐྲུན་གྱི་རྩིག་རྨང་འདྲུ་སྐབས་ས་འོག་ནས་སཙྪ་དང་། རྩིག་ཤུལ། རིང་ཚད་སྤྱི་ཁྲེ་གཉིས་ལྷག་ཙམ་ཡོད་པའི་རྡོ་རིང་ཟུར་བརྒྱད་མ་གཉིས་དོན་འདུག་པ(རྡོ་རིང་དེ་ད་ལྟ་མཚུར་ཕུ་དགོན་པར་ཡོད་པ)སོགས་ལ་བལྟས་ན་ལུམ་པ་ལྷ་ཁང་གི་ཤུལ་དེ་གར་མིན་ནམ་སྙམ།
- language:
- Tibetan
2. Thupten Phuntsok Dictionary
ལྷ་ཁང་འདི་སྟོད་ལུང་བདེ་ཆེན་རྫོང་འི་ཁོངས་སུ་ཡོད།མཁས་པ་ལྡེའུའི་ཆོས་འབྱུང》་ཁྱུང་པོ་སྤོ་རིང་པོས་ཧོར་གྱི་དམག་དཔོན་བྱས་པའི་སྡིག་སྦྱོངས་སུ་སྟོད་ལུང་ལུམ་པའི་ལྷ་ཁང་བཞེངས་ཞེས་གསལ་བོར་བསྟན། མང་ཚོགས་ཀྱི་ངག་རྒྱུན་ལྟར་ན། ་སྟོད་ལུང་ལུམ་པ་ཟམ་པའི་ཤར་ངོས་བྲག་ཟུར་སྟེང་ལ་རྩིག་ཤུལ་ཞིག་ཡོད་པ་དེ་ལུམ་པ་ལྷ་ཁང་གི་ཤུལ་རེད་ཟེར་ཡང་། རབ་བྱུང་བཅུ་བདུན་པ་མེ་ཡོས (༡༩༨༧) ལོར་གུ་རུམ་ཆུས་གནས་ཡུལ་གྱི་བྱང་ངོས་སུ་རྒས་གསོ་ཁང་གསར་སྐྲུན་གྱི་རྩིག་རྨང་འདྲུ་སྐབས་ས་འོག་ནས་སཙྪ་དང་། རྩིག་ཤུལ། རིང་ཚད་སྤྱི་ཁྲེ་གཉིས་ལྷག་ཙམ་ཡོད་པའི་རྡོ་རིང་ཟུར་བརྒྱད་མ་གཉིས་དོན་འདུག་པ (རྡོ་རིང་དེ་ད་ལྟ་མཚུར་ཕུ་དགོན་པར་ཡོད) སོགས་ལ་བལྟས་ན་ལུམ་པ་ལྷ་ཁང་གི་ཤུལ་དེ་གར་མིན་ནམ་སྙམ།
- language:
- Tibetan