Skip to main content Skip to search
rigs mthun nus pa
ID:
T244181
  • རིགས་མཐུན་ནུས་པ (Tibetan, Tibetan script, Original)
    • > rigs mthun nus pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > rik tün nüpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རོ་དང་ཞུ་རྗེས་སོགས་ལ་བལྟོས་མི་དགོས་པ་ནད་བབས་སའི་གནས་དང་། དེའི་གཉེན་པོ་གཉིས་ཕན་ཚུན་རིགས་མཐུན་པའི་སྒོ་ནས་ནད་འཇོམས་པར་བྱེད་པའི་སྨན་གྱི་ནུས་པའི་མིང་སྟེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་དྲི་མེད་ཤེལ་ཕྲེང་ལས། ལྔ་པ་རིགས་མཐུན་གྱི་ནུས་པ་ནི་མགོ་གཟེར་ལ་ཐོད་རུས་དང་། མིག་ལ་སྦྲུལ་མིག ལྕེ་སྐྲངས་ལ་སྤྱང་ལྕེ། ནེ་ཙོ། རི་བོང་། མི་གྲི་ཤིའི་སྙིང་། གློ་ནད་ལ་ཝ་དང་ཁུག་རྟ་རེའུ་ཞོ་འཐུང་གི་གློ་བ། མཆིན་དུག་ལ་བུ་མོ་སྟག་ལོ་བཅུ་གཉིས་ལོན་པ་གྲིར་ཤིའི་མཆིན་པ། མཁྲིས་ནད་ལ་མཁྲིས་པ་སྣ་ཚོགས་ཀྱིས་ཕན་པ་དང་། མཁལ་ལ་ཐང་ཚེར་གྱི་མཁལ་མ། རྒྱུ་གཟེར་ལ་གཡུ་དང་གྲུམ་པའི་རྒྱུ་མ་རྣམས་ཀྱིས་ཕན་པ་ལྟ་བུའོ། ཞེས་གསུངས་པ་ལྟར་རོ།

language:
Tibetan