Skip to main content Skip to search
'od 'jo ba zhabs drung bkra shis chos kyi rgyal po
ID:
T242820
  • འོད་འཇོ་བ་ཞབས་དྲུང་བཀྲ་ཤིས་ཆོས་ཀྱི་རྒྱལ་པོ (Tibetan, Tibetan script, Original)
    • > 'od 'jo ba zhabs drung bkra shis chos kyi rgyal po (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ö jowa shyab drung tashi chö kyi gyalpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

འོད་འཇོ་ཞབས་དྲུང་བཀྲ་ཤིས་ཆོས་ཀྱི་རྒྱལ་པོ་ནི་རབ་བྱུང་བཅུ་གཅིག་པའི་ལྕགས་བྱི༡༦༦༠ལོར་ཡབ་ག་ཟིའི་གདུང་ལས་འཁྲུངས་ཤིང། གོང་ས་ལྔ་པ་ལས་དགེ་ཚུལ་སློང་བསྒྲུབས་པའི་མཚན་ཀུན་དགའ་བསོད་ནམས་མཆོག་གྲུབ་ཅེས་གསོལ། ས་བྱ༡༦༦༩ལོ་ནས་ས་ལུག་༡༦༧༩ལོ་བར་སྟག་ལུང་གི་ཁྲིར་བཞུགས། དབོན་བགྲེས་པོ་རྫོང་ཞབས་དྲུང་གི་ཐུགས་སྣ་གདོན་གྱིས་ཟིན་ནས་གཞུང་སར་ཞུ་གཏུགས་ཀྱིས་ཁྲི་ལས་ཕབ་སྟེ་འོད་འཇོར་བཞུགས་པའི་མཚན་ཡང་འོད་འཇོ་ཞབས་དྲུང་དུ་གྲགས། ཞལ་ངོ་ནང་མ་གཤིན་པའི་རྐྱེན་གྱིས་སྟག་ལུང་གི་ལུགས་གཉིས་ཀྱི་མངའ་ཐང་རྣམས་ས་ལུག༡༦༧༩ལོར་གཞུང་བཞེས་ཀྱིས་རབ་བྱུང་བཅུ་གཉིས་པའི་ལྕགས་བྱ༡༧༤༡ལོ་བར་ལོ་བཞི་བཅུ་ཞེ་གཉིས་རིང་སེར་བྱེས་གྲྭ་ཚང་ནས་ཁ་འཛིན་མཁན་ཐོག་རེ་གཉིས་བྱས་ཀྱང་བདག་སྐྱོང་མེད་པས་གོག་ཧྲུལ་དུ་གྱུར། དེ་ནས་བཟུང་ག་ཟིའི་གདུང་རྒྱུད་ལས་བྱུང་བའི་སྟག་ལུང་གི་ཁྲི་པའི་རྒྱུན་ཆད་པ་དང། སྟག་ལུང་སྡེ་པ་ཞེས་དར་སྤྲས་རོང་གསུམ་བཅས་ལ་དབང་བསྒྱུར་བའི་སྲིད་དབང་དེ་ཉིད་ཀྱང་ལྷ་སའི་ཉེ་འདབས་ཀྱི་སྡེ་པ་རག་པ་སྟོངས་ཤུལ་གྱི་གཞིས་ཀར་གནས་འཕོས་ནས་རིམ་བཞིན་གཞུང་སའི་རུ་དཔོན་བྱས་པའི་བྱས་རྗེས་སུ་ལྷོ་མདོ་མཁར་གྱི་གཞིས་ཀ་སྤྲད་རྗེས་སྡེ་དཔོན་མདོ་མཁར་བའམ་ར་ཁ་ཤག་ཅེས་གྲགས་སོ། །བར་དེར་ཆོས་རྒྱུད་འཛིན་པའི་སྤྲུལ་སྐུ་དང་གདུང་རྒྱུད་ཀྱི་སྲས་ཞབས་དྲུང་ཁ་ཤས་བྱུང་བ་སྟེ། མཆོག་སྤྲུལ་བཀྲ་ཤིས་འཇམ་དཔལ་རྒྱ་མཚོ་ནི་ལྷོ་མོན་གྱི་ཡུལ་ཆེ་བྲག་ཅེས་པར་འཁྲུངས་ལ་ཞབས་དྲུང་མ་ཆེན་བཀྲ་ཤིས་དཔལ་གྲུབ་ཀྱི་སྐུ་སྐྱེར་གྲགས། ག་ཟིའི་གདུང་རྒྱུད་ནི་མ་ཡིན། སྟག་ལུང་གི་ཁྲི་ལ་བཞུགས་མེད།

language:
Tibetan

2. Thupten Phuntsok Dictionary

འོད་འཇོ་ཞབས་དྲུང་བཀྲ་ཤིས་ཆོས་ཀྱི་རྒྱལ་པོ་ནི་རབ་བྱུང་བཅུ་གཅིག་པའི་ལྕགས་བྱི (༡༦༦༠) ལོར་ཡབ་ག་ཟིའི་གདུང་ལས་འཁྲུངས་ཤིང་། གོང་ས་ལྔ་པ་ལས་དགེ་ཚུལ་སློང་བསྒྲུབས་པའི་མཚན་ཀུན་དགའ་བསོད་ནམས་མཆོག་གྲུབ་ཅེས་གསོལ། ས་བྱ(༡༦༦༩)ལོ་ནས་ས་ལུག་(༡༦༧༩)ལོ་བར་སྟག་ལུང་གི་ཁྲིར་བཞུགས།

language:
Tibetan