- gzim khang sprul sku grags pa rgyal mtshan
- ID:
- T242574
- གཟིམ་ཁང་སྤྲུལ་སྐུ་གྲགས་པ་རྒྱལ་མཚན (Tibetan, Tibetan script, Original)
- > gzim khang sprul sku grags pa rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
- > zim khang tulku drakpa gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ནི་པཎ་ཆེན་བསོད་གྲགས་ཀྱི་སྤྲུལ་སྐུ་སྐུ་ཕྲེང་བཞི་པ་ཡིན་པ་དང་། སྟོད་ལུང་གད་ཁ་སར་རབ་བྱུང་བཅུ་པའི་ས་ལུག(༡༦༡༩)ལོ་སྐུ་འཁྲུངས། དང་ཐོག་རྒྱལ་བའི་ཡང་སྲིད་དུ་རེ་ཡང་པན་ཆེན་བློ་བཟང་ཆོས་རྒྱན་ནས་གཟིམ་ཁང་གོང་གི་སྤྲུལ་སྐུར་ངོས་འཛིན་གནང་ནས་དགུང་ལོ་དྲུག་སྟེང་ཁྲི་ལ་མངའ་གསོལ་ཞིང། པཎ་ཆེན་ཉིད་ ཀྱིས་གྲགས་པ་རྒྱལ་མཚན་ཞེས་མཚན་དུ་གནང་། པཎ་ཆེན་སྐུ་ཕྲེང་བཞི་པ་ནས་དགེ་ཚུལ་སློང་གི་སྡོམ་པ་བཞེས། པཎ་ཆེན་སྐུ་ཕྲེང་བཞི་པ་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་སོགས་དུ་མ་བསྟེན་ཏེ་མདོ་ལུགས་ཀྱི་ཆོས་མང་དུ་གསན། འབྲས་སྤུངས་བློ་གསལ་གླིང་དང། སྐྱོར་མོ་ལུང་། རྭ་བ་སྟོད་སོགས་སུ་མཚན་ཉིད་ལ་གསན་སྦྱོང་གིས་འཆད་རྩོད་མཛད། འོལ་དགའ་ཆོས་ལུང་དང་། རི་བོ་དགེ་འཕེལ་སོགས་སུ་བསྙེན་སྒྲུབ་ལ་བརྩོན་པར་མཛད་པས་མཁས་བཙུན་བཟང་པོའི་གྲགས་པ་ཆེ་བ་བྱུང་། དུས་དེར་གྲགས་རྒྱན་དང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་གཉིས་ཀ་མཚན་སྙན་ཆེ། རྒྱུན་དུ་འབྲས་སྤུངས་གཟིམ་ཁང་གོང་འོག་ཅེས་འབོད་ཅིང་། ལྷ་སའི་སྨོན་ལམ་གྱི་གྲལ་དབུར་ཡང་རྒྱལ་བའི་བཞུགས་ཁྲིའི་འཁྲིས་སུ་གཟིམ་ཁང་གོང་གི་སྤྲུལ་སྐུ་བཞུགས་ཁྲིའི་ཐོབ་གཟོས་ཆེ། ཁམས་སོགས་ཀྱི་འགྲུལ་པ་གཏོས་ཆེ་ལྷ་སར་ཡོང་སྟེ་གཟིམ་ཁང་གོང་གི་སྤྲུལ་སྐུ་གྲགས་རྒྱན་ལ་མཇལ་ཁ་ཞུ་མཁན་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ལས་ལྷག་པ་ལྟ་བུ་བྱུང་བ་སོགས་རྒྱུ་རྐྱེན་དུ་མར་སྡེ་སྲིད་བསོད་ནམས་ཆོས་འཕེལ་གྱིས་གཙོ་མཛད་དགའ་ལྡན་ཕོ་བྲང་སྟེ་གཟིམ་ཁང་འོག་གི་ལས་བྱེད་རྣམས་ཕྲག་དོག་གིས་གྲགས་རྒྱན་སྐུ་དཀྲོང་རྒྱུའི་སྐབས་འཚོལ་པའི་དུས་དེར་དགུང་གྲངས་སོ་བརྒྱད་ལ་སོན་སྐབས་གྲགས་རྒྱན་གྱི་འཁྲུངས་ཁང་གད་ཁ་ས་པའི་མག་པ་ནང་སོ་ནོར་བུ་ཞེས་སྡེ་སྲིད་བསོད་ནམས་ཆོས་འཕེལ་གྱི་སྐུ་མཆེད་ཡིན་པ་དེས་མེ་སྤྲེལ(༡༦༥༦)ཟླ༥ཚེས༡༣ཉིན་མགུལ་མགྲིན་ནང་དར་བརྫངས་ནས་བཀྲོངས་རྗེས་གདུང་རྟེན་དངུལ་གདུང་བཞེངས་ཏེ་འབྲས་སྤུངས་གཟིམ་ཁང་གོང་དུ་བཞག་ཀྱང་རྗེས་སུ་སྤྲུལ་སྐུ་དྲེགས་པར་བཞེངས་ཚུལ་གྱི་གླེང་བརྗོད་དང་བཅས་གདུང་རྟེན་ཁང་པ་དང་བཅས་པ་བཤིགས་ཏེ་དམར་གདུང་གཙང་ཆུར་བཤམས་པ་ལྷོ་ཁ་དོལ་ཆུ་མིག་ཁར་ཡོད་སྐད།
- language:
- Tibetan
2. Thupten Phuntsok Dictionary
སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ནི་པཎ་ཆེན་བསོད་གྲགས་ཀྱི་སྤྲུལ་སྐུ་སྐུ་ཕྲེང་བཞི་པ་ཡིན་པ་དང་། སྟོད་ལུང་གད་ཁ་སར་རབ་བྱུང་བཅུ་པའི་ས་ལུག (༡༦༡༧) ལོ་སྐུ་འཁྲུངས། དང་ཐོག་རྒྱལ་བའི་ཡང་སྲིད་དུ་རེ་ཡང་པཎ་ཆེན་བློ་བཟང་ཆོས་རྒྱན་ནས་གཟིམ་ཁང་གོང་གི་སྤྲུལ་སྐུར་ངོས་འཛིན་གནང་ནས་དགུང་ལོ་དྲུག་སྟེང་ཁྲི་ལ་མངའ་གསོལ་ཞིང་། པཎ་ཆེན་ཉིད་ཀྱིས་གྲགས་པ་རྒྱལ་མཚན་ཞེས་མཚན་དུ་གནང་། པཎ་ཆེན་སྐུ་ཕྲེང་བཞི་པ་ནས་དགེ་ཚུལ་སློང་གི་སྡོམ་པ་བཞེས། པཎ་ཆེན་སྐུ་ཕྲེང་བཞི་པ་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་སོགས་དུ་མ་བསྟེན་ཏེ་མདོ་ལུགས་ཀྱི་ཆོས་མང་དུ་གསན། འབྲས་སྤུངས་བློ་གསལ་གླིང་དང་། སྐྱོར་མོ་ལུང་སོགས་སུ་མཚན་ཉིད་ལ་གསན་སྦྱོང་མཛད། རི་བོ་དགེ་འཕེལ་སོགས་སུ་བསྙེན་སྒྲུབ་ལ་བརྩོན་པས་གྲགས་པ་ཆེ་བ་བྱུང་། དུས་དེར་གྲགས་རྒྱན་དང་ཏཱ་ལའི་བླ་མ་སྒུ་ཕྲེང་ལྔ་བ་གཉིས་ཀ་མཚན་སྙན་ཆེ། རྒྱུན་དུ་འབྲས་སྤུངས་གཟིམ་ཁང་གོང་འོག་ཅེས་འབོད་ཅིང་། ལྷ་སའི་སྨོན་ལམ་གྱི་གྲལ་དབུར་ཡང་རྒྱལ་བའི་བཞགས་ཁྲིའི་འཁྲིས་སུ་གཟིམ་ཁང་གོང་གི་སྤྲུལ་སྐུ་བཞུགས་ཁྲིའི་ཐོབ་གཟོས་ཆེ། ཁམས་སོགས་ཀྱི་འགྲུབ་པ་གཏོས་ཆེ་ལྷ་སར་ཡོང་སྟེ་གཟིམ་ཁང་གོང་གི་སྤྲུལ་སྐུ་གགྲགས་རྒྱན་ལ་མངལ་ཁ་ཞུ་མཁན་ནི་ཏཱ་ལའི་བླ་མ་སྒུ་ཕྲེང་ལྔ་པ་ལས་ལྷག་བུ་བྱུང་བ་སོགས་རྒྱུ་རྐྱེན་དུ་མར་སྡེ་སྲིད་བསོད་ནམས་ཆོས་འཕེལ་གྱིས་གཙོ་མཛད་དགའ་ལྡན་ཕོ་བྲང་སྟེ་གཟིམ་ཁང་འོག་གི་ལས་བྱེད་རྣམས་ཕྲག་དོག་གིས་གྲགས་རྒྱན་སྐུ་བཀྲོང་རྒྱུའི་སྐབས་འཚོལ་བའི་དུས་དེར་དགུང་གྲངས་སོ་བརྒྱད་ལ་སོན་སྐབས་གྲགས་རྒྱན་གྱི་འཁྲུངས་ཁང་གད་ཁ་ས་པའི་མག་པ་ནང་སོ་ནོར་བུ་ཞེས་སྡེ་སྲིད་བསོད་ནམས་ཆོས་འཕེལ་གྱི་སྐུ་མཆེད་ཡིན་པ་དེས་མེ་སྤྲེལ (༡༦༥༦) ཟླ༥ཚེས༡༣ཉིན་མགུལ་མགྲིན་ནང་དར་བརྫངས་ནས་བཀྲོངས་རྗེས་གདུང་རྟེན་དངུལ་གདུང་བཞེངས་ཏེ་འབྲས་སྤུངས་གཟིམ་ཁང་གོང་དུ་བཞག་ཀྱང་རྗེས་སུ་སྤྲུལ་སྐུ་དྲེགས་པར་བཞེངས་ཚུལ་གྱི་གླེང་བརྗོད་དང་བཅས་གདུང་རྟེན་ཁང་པ་དང་བཅས་པ་བཤིགས་ཏེ་དམར་གདུང་གཙང་ཆུར་བཤམས་པ་ལྷོ་ཁ་དོལ་ཆུ་མིག་ཁར་ཡོད་སྐད།
- language:
- Tibetan