- zhwa dmar sku phreng bzhi pa chos grags ye shes
- ID:
- T241973
- ཞྭ་དམར་སྐུ་ཕྲེང་བཞི་པ་ཆོས་གྲགས་ཡེ་ཤེས (Tibetan, Tibetan script, Original)
- > zhwa dmar sku phreng bzhi pa chos grags ye shes (Tibetan, Latin script, Transliteration-THL Extended Wylie Transliteration)
- > shyamar ku treng shyipa chödrak yeshe (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རབ་བྱུང་བརྒྱད་པའི་སྤྱི་ལོ༡༤༥༣ལོར་ཤར་ཕྱོགས་མདོ་ཀྲེ་ཤོད་ཁང་དམར་སྟེ་དེང་དུས་དཀར་མཛེས་རྫོང་ཁོངས་སུ་སྐུ་འཁྲུངས། ཟླ་བ་བདུན་ཟིན་པ་དང་རྟ་ར་གདན་ས་པས་སྤྲུལ་སྐུ་ངོས་འཛིན་གནང་ཞིང་། ཁང་དམར་དགོན་དུ་གདན་དྲངས། དགུང་ལོ་བཅུ་པར་རྒྱལ་ཚབ་དཔལ་འབྱོར་དོན་གྲུབ་ཀྱི་ཞྭ་དམར་ཆོས་དཔལ་ཡེ་ཤེས་ཀྱི་ཡང་སྲིད་དུ་ངོས་འཛིན་གནང་། ཀརྨ་པ་ཆོས་གྲགས་རྒྱ་མཚོས་གཙུག་ཕུད་བཞེས། དགུང་ལོ་ང་གཅིག་པའི་ཆུ་ཕག་སྤྱི་ལོ་༡༥༠༣ལོར་ཡངས་པ་ཅན་དགོན་པར་གསར་དུ་བཏབ། བཀའ་འགྱུར་ལ་སོགས་གསེར་བྲིས་ཅན་གྱི་བསྟན་བཅོས་མང་པོ་བཞེངས། དགུང་ལོ་དྲུག་ཅུ་པ་ས་སྤྲེལ་ལོར་དཔའ་བོ་གཙུག་ལག་ཕྲེང་བ་རབ་ཏུ་བྱུང་ཞིང་གནས་ནང་གི་གདན་སར་བཀོད། རབ་བྱུང་དགུ་པའི་ཤིང་སྤྲེལ་སྤྱི་ལོ༡༥༢༤ལོར་དགུང་ལོ་དོན་གཉིས་པར་སྐུ་གཤེགས།
- language:
- Tibetan