- zhing la dor kha brtsis
- ID:
- T241812
- ཞིང་ལ་དོར་ཁ་བརྩིས (Tibetan, Tibetan script, Original)
- > zhing la dor kha brtsis (Tibetan, Latin script, Transliteration-THL Extended Wylie Transliteration)
- > shying la dor kha tsi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ས་ཞིང་ཐོག་རྨོ་ཕྱུགས་བེད་སྤྱད་ནས་ས་ཞིང་འདེབས་སྐབས་ས་རྒྱ་ཆེ་ཆུང་འཇལ་བྱེད་ཀྱི་ཚད་གཞི་ལ་དོར་གཅིག་ཟེར། དེ་ཡང་རྨོན་ཕྱུགས་གཉིས་ཀྱིས་ཉིན་གཅིག་ལ་ས་ཞིང་ཇི་ཙམ་རྨོས་ཐུབ་པའི་རྒྱ་ཁྱོན་ལ་དོར་གཅིག་ཟེར་བས་བཙན་པོའི་དུས་སྐབས་སུ་བོད་ཀྱི་ཁོངས་སུ་གཏོགས་པའི་རྒྱ་མི་རིགས་ཀྱི་ས་ཁུལ་དུ་མུའུ་ཞེས་པའི་ཚད་གཞི་དང་། བོད་ཀྱི་ས་ཞིང་འཇལ་ཚད་དོར་ཞེས་པའི་ཐ་སྙདགཉིས་ཀ་ལག་ལེན་བསྟར་ཡོད་པ་དེ་གཉིས་ཞིབ་བསྡུར་བྱེད་སྐབས་དོར་ཕྱེད་ཀ་དང་མུའུ་ལྔའི་ཚད་གཞི་མཉམ་པར་བསྟན་པ་དེས་བོད་ལུགས་ཀྱི་དོར་གཅིག་ལ་རྒྱ་ལུགས་ཀྱི་མུའུ་བཅུ་ཐམ་པ་ཡིན་པ་གསལ་པོར་མཐོང་ཐུབ་བོ། །
- language:
- Tibetan