Skip to main content Skip to search
rdzong sar dgon
ID:
T241639
  • རྫོང་སར་དགོན (Tibetan, Tibetan script, Original)
    • > rdzong sar dgon (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dzong sar gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སྡེ་དགེ་རྒྱལ་པོས་སྦྱིན་བདག་མཛད་ནས་བཞེངས་བའི་དགོན་པ། གུ་བཀྲའི་ཆོས་འབྱུང་ལས། སྡེ་དགེའི་རྒྱལ་རབས་དགུ་པ་རྗེ་བཙུན་དབྱངས་ཅན་སྒྲོལ་མས་སྦྱིན་བདག་གནང་ནས་བཞེངས་པར་བཤད། རྒྱལ་མོ་དབྱངས་ཅན་སྒྲོལ་མས་སྲིད་སྐྱོང་བའི་དུས་ནི་སྤྱི་ལོ༡༧༧༤་ལོར་ནས་༡༧༨༦ལོའི་བར་ཡིན། དེས་ན་དགོན་པ་འདི་བཞེངས་དུས་དངོས་ནི་སྤྱི་ལོ་༡༧༨༠ལོའི་ནང་ཙམ་ཡིན་ངེས། ཡིན་ནའང་དེའི་གོང་ན་གནས་འདིར་དགོན་པ་ཆགས་མྱོང་ཡོད་པ་འདྲ་སྟེ། གནས་འདིར་ཇོ་བོ་བཀའ་གདམས་པའི་དགོན་པ་ཞིག་ཡོད་པ་འགྲོ་མགོན་འཕགས་པས་ས་སྐྱའི་རིང་ལུགས་སུ་བསྒྱུར་གནང་བའི་བཤད་སྲོལ་ཞིག་ཀྱང་སྣང། རབ་བྱུང་བཅོ་ལྔ་པའི་ལྕགས་སྟག་སྤྱི་ལོ་༡༨༩༠ལོར་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཞིག་གསོས་གནང་། གྲུབ་མཐའ་ས་སྐྱ་བ་ཡིན། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ཁོངས་སུ་ཡོད།

language:
Tibetan