- kun spangs thugs rje brtson 'grus/
- ID:
- T2410
- ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས (Tibetan, Tibetan script, Original)
- > kun spangs thugs rje brtson 'grus/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > künpang tukjé tsöndrü (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ [born in the water rabbit year of the 4th rabjung, died in the 5th rabjung's water ox year, of the lineage of yu mo mi bskyod rdo rje, des in Tsang in lha rtser dzong jo nang founded a monestary, by his student's student Dolpopa that doctrine widely increased so that Jonangpa became famous and the former gurus in that line also were much revered
- language:
- Tibetan
2. bod rgya tshig mdzod chen mo
[21] རབ་བྱུང་བཞི་པའི་ཆུ་ཡོས་ལོ་ལ་འཁྲུངས། རབ་བྱུང་ལྔ་པའི་ཆུ་གླང་ལ་འདས། ཡུ་མོ་མི་བསྐྱོད་རྡོ་རྗེའི་སློབ་བརྒྱུད་ཡིན། དེས་གཙང་གི་ལྷ་རྩེ་རྫོང་ཁོངས་ཇོ་ནང་དུ་དགོན་པ་བཏབ། དེའི་ཡང་སློབ་དོལ་པོ་བས་གྲུབ་མཐའ་དེ་རྒྱ་ཆེར་སྤེལ་བས་ཇོ་ནང་པ་གྲགས་ཆེན་པོ་བྱུང་བས་བླ་མ་གོང་མ་དག་ཀྱང་ཆེས་བཀུར་འོས་སུ་གྱུར། ...
- language:
- English
3. dung dkar bod rig pa'i tshig mdzod chen mo
ཇོ་ནང་པའི་གྲུབ་མཐའི་བཞེད་སྲོལ་ཐོག་མར་སྲོལ་གཏོད་མཛད་པ་པོ་སྟེ་གཙང་སྟོད་མདོག་གི་དང་བ་ཕྱར་དུ་རབ་བྱུང་བཞི་པའི་ཆུ་ཡོས(༡༢༤༣)ལོར་སྐུ་འཁྲུངས། ས་སྐྱ་དང་འདར་སོགས་དབུས་གཙང་གི་གྲྭ་ས་ཕལ་ཆེ་བར་སློབ་གཉེར་མཛད། འདར་དང་དོན་མོ་རི། སྐྱང་འདུར་བཅས་ཀྱི་ཟུར་ཆོས་པ་དང་ཆོས་དཔོན་མཛད། ཀུན་མཁྱེན་ཆོས་སྐུ་འོད་ཟེར་ལ་མངའ་བའི་ཆོས་རྒྱུན་ཐམས་ཅད་གསན་ཅིང་། སྤྱིར་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་རྒྱུན་མི་འདྲ་བ་ཁག་བཅུ་བདུན་ཙམ་གསན་ནས་ཉམས་བཞེས་མཛད། ཆོས་འཆད་ཉན་སོགས་ཀྱི་སྤྲོས་པ་མི་མཛད་པར་སྒོམ་སྒྲུབ་གཙོ་བོར་མཛད་པས་ཀུན་སྤངས་པ་ཞེས་མཚན་ཐོགས། སྐུ་ཚེའི་སྨད་དུ་ཇོ་ནང་གི་དགོན་པ་ཕྱག་བཏབ་ནས་གཙོ་ཆེར་གནས་དེ་ཉིད་དུ་བཞུགས་ཏེ་བཤད་པ་དང་གདམས་ངག་གཉིས་ཀའི་སློབ་མ་མང་དུ་བསྐྱངས་པས་ཇོ་ནང་པའི་བརྒྱུད་འཛིན་ཐོག་མར་བྱུང་། དགུང་གྲངས་དོན་གཅིག་ཏུ་ཕེབས་པ་རབ་བྱུང་ལྔ་པའི་ཤིང་བྱི(༡༣༢༤)ལོར་དགོངས་པ་མྱ་ངན་ལས་འདས། ལོ་རྒྱུས་ཅུང་ཟད་རྒྱས་པ《ཇོ་ནང་ཆོས་འབྱུང》ལྕགས་དཔར་མའི་ཤོག་གྲངས་༢༠ནས༢༡བར་གསལ།
- language:
- Tibetan
4. Thupten Phuntsok Dictionary
རབ་བྱུང་བཞི་པའི་ཆུ་ཡོས་ལོ་ལ་འཁྲུངས། རབ་བྱུང་ལྔ་པའི་ཆུ་གླང་ལ་འདས། ཡུ་མོ་མི་བསྐྱོད་རྡོ་རྗེའི་སློབ་བརྒྱུད་ཡིན། དེས་གཙང་གི་ལྷ་རྩེ་རྫོང་ཁོངས་ཇོ་ནང་དུ་དགོན་པ་བཏབ། དེའི་ཡང་སློབ་དོལ་པོ་བས་གྲུབ་མཐའ་དེ་རྒྱ་ཆེར་སྤེལ་བས་ཇོ་ནང་པ་གྲགས་ཆེན་པོ་བས་བླ་མ་གོང་མ་དག་ཀྱང་ཆེས་བཀུར་འོས་སུ་གྱུར།
- language:
- Tibetan
5. smon lam tshig mdzod chen mo
རབ་བྱུང་བཞི་བའི་ཆུ་ཡོས་ལོ་ལ་འཁྲུངས། རབ་བྱུང་ལྔ་བའི་ཆུ་གླང་ལ་འདས། (1243-1313) ཡུ་མོ་མི་བསྐྱོད་རྡོ་རྗེའི་སློབ་བརྒྱུད་ཡིན། དེས་གཙང་གི་ལྷ་རྩེ་རྫོང་ཁོངས་ཇོ་ནང་དུ་དགོན་པ་བཏབ། དེའི་ཡང་སློབ་དོལ་པོ་བས་གྲུབ་མཐའ་དེ་རྒྱ་ཆེར་སྤེལ་བས་ཇོ་ནང་བ་གྲགས་ཆེན་པོ་བྱུང་བས་བླ་མ་གོང་མ་དག་ཀྱང་ཆེས་བཀུར་འོས་སུ་གྱུར།
- language:
- Tibetan
6. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཞི་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ1243ལོར་སྐུ་འཁྲུངས། རབ་བྱུང་ལྔ་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ1313ལོར་སྐུ་གཤེགས། ཁོང་གིས་ཀུན་མཁྱེན་ཆོས་སྐུ་འོད་ཟེར་རྩ་བའི་བླ་མར་བསྟེན་ནས་ཡུ་མོ་མི་སྐྱོད་རྡོ་རྗེའི་སློབ་བརྒྱུད་རྗེས་སུ་བཟུང་སྟེ་མདོ་སྔོགས་རིག་གནས་དང་བཅས་པར་སློབ་གཉེར་ལེགས་པ་མཛད་དེ་གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་པོར་གྱུར། དེ་ནས་ཁོང་གི་ད་ལྟ་བོད་རང་སྐྱོང་ལྗོངས་ཀྱི་གཙང་གི་ལྷ་རྩེ་རྫོང་ཁོངས་ཇོ་མོ་ནང་དུ་དགོན་པ་གསར་འདེབས་མཛད། ཁོང་གི་སློབ་མ་གྲགས་ཆེ་བ་ནི་བྱང་སེམས་རྒྱལ་བ་ཡེ་ཤེས་དང་། མཁས་བཙུན་ཡོན་ཏན་རྒྱ་མཚོ་བཅས་སོ། ཁོང་གི་གསུང་རྩོམ་ནི《སྦྱོར་དྲུག》ཡིག་ཆ་བཅས་བཞུགས་སོ། །
- language:
- Tibetan