Skip to main content Skip to search
rtsod pa'i mdun sa
ID:
T240702
  • རྩོད་པའི་མདུན་ས (Tibetan, Tibetan script, Original)
    • > rtsod pa'i mdun sa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsöpé dün sa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

གཅིག་གིས་དོན་གནས་གལ་ཆེ་ཞིག་དྲི་བ་བཏོན་ནས་གཅིག་གིས་ལན་འདེབས། དེ་ལ་ཅིག་ཤོས་ཀྱིས་དགག་པ་གཏོང་བ་སོགས་བགྲོ་གླེང་བྱེད་པ་ལ་ཟེར། བོད་དུ་མཚན་ཉིད་ཀྱི་གཞུང་ལ་རྩོད་པ་བྱེད་པ་ལ་ཟེར། བོད་དུ་མཚན་ཉིད་ཀྱི་གཞུང་ལ་རྩོད་པ་བྱེད་པའི་ལུགས་སྲོལ་འདི་རབ་བྱུང་དང་པོའི་ཆུ་གླང་༡༠༢༣ལོར་ཇོ་བོ་ཨ་ཏི་ཤའི་སློབ་མ་རྔོག་ལེགས་པའི་ཤེས་རབ་ཀྱིས་གསང་ཕུ་ནེའུ་ཐོག་གི་དགོན་པ་བཏབ་ནས། དེའི་དབོན་པོ་བློ་ལྡན་ཤེས་རབ་ཀྱིས་མཚན་ཉིད་ཀྱི་གཞུང་ལ་རྩོད་པ་བྱེད་ལུགས་འདི་ཐོག་མར་བཙུགས་པ་ཡིན།

language:
Tibetan

2. Thupten Phuntsok Dictionary

གཅིག་གིས་དོན་གནད་གལ་ཆེ་ཞིག་དྲི་བ་བཏོན་ནས་གཅིག་གིས་ལན་འདེབས། དེ་ལ་ཅིག་ཤོས་ཀྱིས་དགག་པ་གཏོང་བ་སོགས་བགྲོ་གླེང་བྱེད་པ་ལ་ཟེར། བོད་དུ་མཚན་ཉིད་ཀྱི་གཞུང་ལ་རྩོད་པ་བྱེད་པའི་ལུགས་སྲོལ་འདི་རབ་བྱུང་དང་པོའི་ཆུ་གླང (༡༠༧༣) ལོར་ཇོ་བོ་ཨ་ཏི་ཤའི་སློབ་མ་རྔོག་ལེགས་པའི་ཤེས་རབ་ཀྱིས་གསང་ཕུ་ནེའུ་ཐོག་གི་དགོན་པ་བཏབ་ནས། དེའི་དབོན་པོ་བློ་ལྡན་ཤེས་རབ་ཀྱིས་མཚན་ཉིད་ཀྱི་གཞུང་ལ་རྩོད་པ་བྱེད་ལུགས་འདི་ཐོག་མར་བཙུགས་པ་ཡིན།

language:
Tibetan