- mo nad phal pa'i nad brgyad
- ID:
- T239709
- མོ་ནད་ཕལ་པའི་ནད་བརྒྱད (Tibetan, Tibetan script, Original)
- > mo nad phal pa'i nad brgyad (Tibetan, Latin script, Transliteration-THL Extended Wylie Transliteration)
- > mo né palpé né gyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
མངལ་སྦྲུམ་པ་ནས་ཕྲུ་གུ་བཙའ་བའི་བར་དུ་འབྱུང་བའི་བུད་མེད་ཀྱི་ནད་བརྒྱད་ཀྱི་བསྡུས་མིང་སྟེ། མན་ངག་ཡོན་ཏན་རྒྱུད་ལས། མོ་ནད་ཕལ་པ་མཚན་མའི་ནད་དང་ནི། །བུ་མ་ཕྱིན་དང་མགོ་མཇུག་ལོག་པ་དང་། །རོག་མ་ཕྱིན་དང་སྣོད་ལུགས་ཁྲག་མ་ཆོད། །ནད་གཞུག་ལས་དང་དུག་ཐབས་གྱུར་པ་བརྒྱད། །ཅེས་གསུངས་པ་ལྟར་དང་། དེ་དག་ལ་མོ་ནད་ཕལ་པ་ཞེས་བརྗོད་པའི་རྒྱུ་མཚན་ནི། བཀྲ་འབུམ་པས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། མོ་ནད་ཕལ་པ་ཞེས་མངལ་དུ་ཕྲུ་གུ་ཆགས་ནས་མཚན་མ་དོད་པའི་སྐབས་སུ་འབྱུང་བའི་འཁྲི་ནད་དང་། བུ་སྣོད་ལུགས་པ་སོགས་མན་རྒྱུད་ནས་གསུངས་པའི་ནད་བརྒྱད་ཀྱི་མིང་ཡིན་ཞིང་། དེ་དག་ལ་ཅིའི་ཕྱིར་དུ་མོ་ནད་ཕལ་པ་ཞེས་བརྗོད་དམ་སྙམ་ན། ནད་འདི་དག་ནི་བུད་མེད་ལ་མངལ་འཁྲི་ནས་ཕྲུ་གུ་བཙའ་བའི་བར་ལས་དུས་རྒྱུན་དུ་མི་འབྱུང་ཞིང་མོ་ནད་གཙོ་བོ་མ་ཡིན་པའི་ཕྱིར་དེ་ལྟར་དུ་བརྗོད་དོ། །
- language:
- Tibetan