- mig tshag nad kyi dbye ba
- ID:
- T239522
- མིག་ཚག་ནད་ཀྱི་དབྱེ་བ (Tibetan, Tibetan script, Original)
- > mig tshag nad kyi dbye ba (Tibetan, Latin script, Transliteration-THL Extended Wylie Transliteration)
- > mik tsak né kyi yewa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
(1)སྐམ་ཚག གཙོ་བོ་བད་རླུང་ལས་བྱུང་བས། མིག་སྐམ་ཞིང་རྩུབ་པ། ཚ་བ། བསེར་བུས་གནོད་པ། (2)གཤེད་ཚག ཁྲག་དང་མཁྲིས་པ་ལས་བྱུང་བས། མདོག་དམར་ཞིང་ཚ་ལ། ཉི་མའི་ནང་བལྟ་མི་བཟོད་པ། མིག་མཆི་མས་ཁེངས་པ། (3)གདུང་གྱུར། ---1---རླུང་གྱུར། ལྡང་དུབ་བྱེད། མིག་ནང་རྡུལ་གྱིས་གང་བ་ལྟ་བུ་ཚོར་བ་ཡོང་། མགོ་བོ་འཁོར། རྣ་བ་འུར། མིག་མདོག་དམར་ཞིང་སྐྲངས། ---2---མཁྲིས་གྱུར། མིག་ཚ། སྐྲངས། རྣག་འདྲུལ། སེར་པོ་མཐོང་བ། མིག་ནང་དུ་མེ་འདག་གཏོར་བ་ལྟ་བུའི་ཚོར་བ་དང་། འཛེར་པས་ཁྱབ་པ་ལྟ་བུའི་ཚོར་བ་ཡོང་། ---3---ཁྲག་གྱུར། ཤིན་ཏུ་ན་ཞིང་རེག་མི་བཟོད་པར་འབྱུང་། མེ་དང་ཉི་མའི་འོག་ལ་བལྟ་མི་བཟོད་པ། མིག་དམར་ཞིང་དངོས་པོ་སོགས་དམར་པོར་མཐོང་བ། ---4---བད་གྱུར། མིག་ཟ་ཞིང་སྐྲངས་པ། མིག་གི་འབྲས་བུ་ཞུ་བ་སྟེ་ཆུང་དུ་འགྲོ་བ། སྤྱི་གདུང་བ་གྱུར་པའི་ནད་ཕལ་ཆེར་སོ་དང་། མུར་འགྲམ་དང་། མཁུར་ཚོས་དང་། མགོ་བོ་བཅས་ན་བ། རིམ་ཚབས་ཆེའོ། །ཞེས་པ་མིག་ནང་རྩུབ་རེག་གི་ཚོར་བ་ཚབས་ཆེན་པོ་ཡོད་པའི་དོན་ནོ། །
- language:
- Tibetan