- mi rigs kyi rnam pa
- ID:
- T239421
- མི་རིགས་ཀྱི་རྣམ་པ (Tibetan, Tibetan script, Original)
- > mi rigs kyi rnam pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > mi rik kyi nampa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
མི་རིགས་ཀྱི་སྒྱུ་རྩལ་བཟོ་བཀོད་ལ་ཟེར། མཛེས་རྩལ་གྱི་ཐད་ལ་བཟོ་དབྱིབས་སྐྲུན་པའི་སྒྱུ་རྩལ་གྱི་མཚོན་བྱེད་རྣམ་པ་དེར་ཟེར། མི་རིགས་ཀྱི་རྣམ་པ་ནི་ལོ་རྒྱུས་ཀྱི་ཁོངས་གཏོགས་ཤིག་ཡིན་པས། གསར་རྩོམ་བྱེད་པའི་གོ་རིམ་གྱི་ནང་དུ་བར་མི་ཆད་པའི་སྒོ་ནས་འགྱུར་ལྡོག་དང་འཕེལ་རྒྱས་ཡོང་གི་ཡོད་པ་མ་ཟད་ལོ་རྒྱུས་ཀྱི་ཆ་རྐྱེན་ངེས་ཅན་ཞིག་གི་འོག་མི་དམངས་ཀྱི་འཚོ་བའི་དངོས་དོན་ཐད་ཀར་མངོན་ཐུབ་ཀྱི་ཡོད། དེར་བརྟེན་མི་རིགས་ཀྱི་རྣམ་པ་དེ་རིགས་ལ་ཚེ་སྲོག་གི་ནུས་པ་སྟོབས་ཆེན་ལྡན་པ་ཞིག་ཡིན་ཏེ་དེར་མི་དམངས་ཀྱིས་བལྟ་འདོད་ཅིང་ཉན་སྤྲོ་བ་དང་། དེ་བཞིན་མི་རབས་རྗེས་མས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ཆེད་དུ། བར་མི་ཆད་པའི་སྒོ་ནས་ཞིབ་འཇུག་བྱས་ཏེ་མི་རིགས་རིག་གནས་ཀྱི་ཕུལ་བྱུང་སྲོལ་རྒྱུན་གྱི་ཆ་ཤས་ཤིག་ཆགས་པ་བྱེད་རྒྱུ་དེ་ཡིན།
- language:
- Tibetan