Skip to main content Skip to search
mi rgyu ba'i dug
ID:
T239324
  • མི་རྒྱུ་བའི་དུག (Tibetan, Tibetan script, Original)
    • > mi rgyu ba'i dug (Tibetan, Latin script, Transliteration-THL Extended Wylie Transliteration)
    • > mi gyuwé duk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

བོང་ང་ནག་པོ་དང་བསེ་ཤིང་ནག་པོ་ལྟ་བུ་ཁོང་དུ་ཕྱིན་པའམ་ལུས་ལ་རེག་པའི་ཚེ་དུག་ཡོད་པའི་རྩི་ཤིང་ལྡུམ་སྔོ་སོགས་ཀྱི་སྤྱི་མིང་སྟེ། མན་ངག་ཡོན་ཏན་རྒྱུད་ལས། མི་རྒྱུ་བོང་ང་བཙན་དུག་སྤྱང་དུག་དང་། །ར་དུག་བསེ་ཤིང་ཐང་ཕྲོམ་རྟ་སྤུ་སོགས། །ཞེས་དང་། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། མི་རྒྱུ་བའི་དུག་ནི། བཙན་དུག་དང་། བསེ་ཤིང་། རྟ་སྤུ་ལྟ་བུ་ཁོང་དུ་ཕྱིན་པའམ་ལུས་ལ་རེག་པའི་ཚེ་དུག་ཡོད་པའི་རྫས་ཀྱི་སྤྱི་མིང་ངོ་། །ཞེས་དང་། བཀྲ་འབུམ་པས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། རྒྱུ་བའི་དུག་ནི། སྲོག་ཆགས་དུག་ཡོད་པའི་མཆེ་བས་རྨུག་པ་ལས་བྱུང་བའི་དུག་གོ། མི་རྒྱུ་བའི་དུག་ནི། ཁར་སོང་ན་དུག་ཡོད་པའི་རྩི་ཤིང་སོགས་ཀྱི་མིང་ངོ་།

language:
Tibetan