Skip to main content Skip to search
dbyar skad
ID:
T238511
  • དབྱར་སྐད (Tibetan, Tibetan script, Original)
    • > dbyar skad (Tibetan, Latin script, Transliteration-THL Extended Wylie Transliteration)
    • > yar ké (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

དབྱར་དུས་འབྲུག་གི་སྐད་ལ་བཞེད་པ་ཞིག་དང་། དབྱར་ས་རྡུལ་ཞི་བའི་སྐབས་སུ་ཕན་ཚུན་འབོད་པའི་སྐད་ལ་བཞེད་པ་ཞིག་དང་གཉིས་མཆིས་ཏེ། གཉའ་པ་ཆོས་བཟང་གིས་མཛད་པའི་དབུས་མཐའ་ལས། དབྱར་སྐད་ཅེས་དབྱར་དུས་མཁའ་ནས་ཆར་བབ། ས་ནས་རླངས་པ་འཕྱུར་བས། དེའི་དུས་སུ་སའི་རྡུལ་ཞི་ནས་ཕན་ཚུན་འབོད་པའི་ཚེ་སྐད་ཀྱི་གདངས་གསལ་ཆ་ཆེ་བས་དེའི་སྐབས་སུ་བྱའོ། །ཞེས་གསུངས་པ་དང་། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། དབྱར་སྐད་ནི། དབྱར་གྱི་རྔ་བོ་ཆེའི་སྐད་ཅེས་འབྲུག་སྐད་ལ་ཟེར་བས་དེར་བྱའོ།

language:
Tibetan