Skip to main content Skip to search
dbon rgan sku phreng gsum pa nges don bstan 'phel ni
ID:
T238489
  • དབོན་རྒན་སྐུ་ཕྲེང་གསུམ་པ་ངེས་དོན་བསྟན་འཕེལ་ནི (Tibetan, Tibetan script, Original)
    • > dbon rgan sku phreng gsum pa nges don bstan 'phel ni (Tibetan, Latin script, Transliteration-THL Extended Wylie Transliteration)
    • > wön gen ku treng sumpa ngedön ten pel ni (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རབ་བྱུང་བཅུ་བཞི་པའི་ཆུ་ཡོས་སྤྱི་ལོ་༡༨༤༣ལོར་སྡེ་དགེའི་མདུན་ན་འདོན་སྔོ་ན་ཚང་གི་སྲས་སུ་སྐུ་འཁྲུངས། ཆུང་ངུའི་དུས་ནས་བྱིས་པ་ངོ་མཚར་ཅན་ཞིག་ཡོད་པར་ཡོངས་སུ་གྲགས། སི་ཏུ་པདྨ་ཉིན་བྱེད་ཀྱིས་དབོན་ཀརྨ་ངེས་དོན་གྱི་ཡང་སྲིད་དུ་ངོས་འཛིན་གནང་ནས་དཔལ་སྤུངས་དགོན་པའི་གདན་ཁྲིར་མངའ་གསོལ། སི་ཏུ་པདྨ་ཉིན་བྱེད་དང་། རྒྱལ་བ་ཀརྨ་པ་ཐེག་མཆོག་རྡོ་རྗེ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། འཇམ་དབྱངསས་མཁྱེན་བརྩེའི་དབང་པོ་སོགས་མཁས་གྲུབ་ཀྱི་བླ་མ་མང་པོ་བསྟེན་པས་རྟོགས་པ་དོན་རྒྱུད་དུ་འབྱོངས་བས་གྲུབ་ཐོབ་ཆེན་པོའི་མཚན་སྙན་རྒྱས། དགུང་ལོ་གྱ་གཉིས་པར་རབ་བྱུང་བཅོ་ལྔ་པའི་ཤིང་བྱི་སྤྱི་ལོ༡༩༢༤ལོར་སྐུ་གཤེགས།

language:
Tibetan