Skip to main content Skip to search
bla ma'i gdon
ID:
T238262
  • བླ་མའི་གདོན (Tibetan, Tibetan script, Original)
    • > bla ma'i gdon (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lamé dön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

བླ་མ་ཞེས་སྐབས་འདིར་གཟའ་ཕུར་བུའི་མིང་གི་རྣམ་གྲངས་སུ་ལྷའི་བླ་མ་ཞེས་ཟེར་བས་དེ་དང་མཚུངས་པའི་རིགས་ཀྱི་མིང་ལ་གོ་དགོས་ཏེ། བཀྲ་འབུམ་པས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། བླ་མའི་གདོན་ནི། གཟའ་ཕུར་བུའི་མིང་ལ་འཇུག་སྟེ། དེ་ལ་ཅིའི་ཕྱིར་དུ་བླ་མའི་གདོན་ཞེས་ཟེར་ན། གཟའ་ཕུར་བུས་སྔོན་ལྷ་ཚངས་པའི་བླ་མར་བྱས་པ་གྲགས་པས་མིང་དུ་ལྷའི་བླ་མ་ཞེས་ཟེར་བས་དེ་དང་ཆོས་མཚུངས་པའི་རིགས་ཀྱིས་གནོད་པ་གཏོང་བའི་གདོན་ནད་ལ་བླ་མའི་གདོན་ཞེས་ཟེར་རོ།

language:
Tibetan