Skip to main content Skip to search
bon gyi mkhas dbang g.yung drung rgyal mtshan dpal bzang po
ID:
T237783
  • བོན་གྱི་མཁས་དབང་གཡུང་དྲུང་རྒྱལ་མཚན་དཔལ་བཟང་པོ (Tibetan, Tibetan script, Original)
    • > bon gyi mkhas dbang g.yung drung rgyal mtshan dpal bzang po (Tibetan, Latin script, Transliteration-THL Extended Wylie Transliteration)
    • > bön gyi khewang yungdrung gyaltsen palzangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

གཡུང་དྲུང་བོན་གྱི་རྗེ་འདི་ཉིད་མདོ་སྨད་དངུལ་རྫ་ཟིན་སྒང་སྟོད་ཀྱི་སྡེར་གཏོགས་ཡུལ་སྤ་བ་ལུང་ནང་ཟེར་བར་ཡབ་བསོད་ནམས་བསྟན་དར་དང་ཡུམ་བསོད་ནམས་གནམ་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་མེ་བྱ(༡༨༩༧)ལོར་འཁྲུངས། མཚན་བསོད་ནམས་བསྟན་འཛིན་ཞེས་གསོལ། དགུང་ལོ་བདུན་པ་ལ་བྱ་བྲལ་དྲང་སྲོང་རྒྱལ་བ་ཚུལ་ཁྲིམས་དགེ་རྒན་དུ་བསྟེན་ནས་ཡི་གེ་འབྲི་ཀློག་ལ་སྦྱངས། སྐྱབས་འགྲོ་དང་། སེམས་སྐྱེད། སྙིང་པོ་རྣམ་གསུམ། གསོལ་འདེབས་སོགས་ཁྲི་ཕྲག་རེ་བསགས་ཤིང་། ཡི་གེ་རྫབ་ཤར་དཀར་ནག་གང་ལའང་ཀློག་འདོན་ཐོགས་མེད་དུ་བྱུང་། དགུང་ལོ་བཅུ་གཅིག་ནས་དབལ་གསས་བོན་སྐྱོངས། ཞི་ཁྲོ་ཁྲི་མཆོད། ཁྲོ་བོའི་བསྙེན་སྒྲུབ། མ་མོ་སྦོད་གཏོང་སོགས་འདོན་རིམ་དང་། དཀྱིལ་འཁོར་གྱི་ཐིག་རྩ་འབྲི་སྟངས། གཏོར་བཟོ་གྱེར་དབྱངས་དང་ཕྱག་རྒྱ། སྨན་རྩིས། ལྷ་རིས་སོགས་ལ་སྦྱངས་པ་ཕུལ་དུ་ཕྱིན། ལྕགས་ཕག(༡༩༡༡)ལོར་དགེ་སློང་སྒོ་སྟོན་ཉི་མ་རྒྱལ་མཚན་རིན་པོ་ཆེ་དང་དགེ་སློང་དྲང་སྲོང་རྒྱལ་བ་ཚུལ་ཁྲིམས་མཆོག་གཉིས་ཀྱི་དྲུང་ནས་རབ་ཏུ་བྱུང་བའི་སྡོམ་པ་ཉེར་ལྔ་ཡང་དག་པར་བཞེས། མཚན་གཡུང་དྲུང་རྒྱལ་མཚན་དུ་གསོལ། ས་ལུག(༡༩༡༩)ལོར་དབུས་གཙང་དུ་ཕེབས། གཙང་ཐོབ་རྒྱལ་སྨན་རི་དགོན་གྱི་མཁན་ཆེན་ཕུན་ཚོགས་བློ་གྲོས་ལ་བསྙེན་རྫོགས་ཞུས། མཚན་གཡུང་དྲུང་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ། སྨན་རིའི་སྒྲུབ་ཆེན་གྱི་དབང་ལུང་ཡོངས་རྫོགས་གསན། དེ་ནས་སྤུན་ཉེ་དང་རྟ་ཁལ་རྣམས་ཕ་ཡུལ་དུ་བརྫངས་ཏེ་ཕྱོགས་མེད་རི་ཁྲོད་འགྲིམ་རྒྱུ་ལ་ཐུགས་ཕྱོགས། དཔལ་ལྡན་གྲྭ་ས་གོང་འོག་བར་གསུམ་ལ་ཕེབས་ནས་མཁས་གྲུབ་བླ་མ་བཤེས་གཉེན་མང་དུ་བསྟེན། ཕྱི་ནང་གི་དབང་ལུང་ཁྲིད་གསུམ་རྒྱ་ཆེར་གསན། གནས་ཆེན་སྒྲུབ་གནས་བྲག་ཕུག་དང་དུར་ཁྲོད་ལའང་བསྐྱེད་རྫོགས་ཟུང་འབྲེལ་གྱི་ཟབ་མོའི་སྒྲུབ་པ་ལྷུར་བཞེས་ཉམས་ལེན་རྒྱས་པར་མཛད། རྒྱ་གར་དང་། བལ་ཡུལ། ཟ་ཧོར། ཨོ་རྒྱན། བྲུ་ཤ་སོགས་ཀྱི་གནས་རྟེན་རྣམས་མཇལ། ཙ་རིའི་སྒྲུབ་གནས་སུ་ལོ་ཤས་རིང་ཉམས་ལེན་གྱི་ཕྱག་རྒྱ་ཟབ་པར་སྤེལ། དེ་ནས་ཁྱུང་ལུང་རི་ཁྲོད་དུ་མཚམས་སྒྲུབ་ཉམས་ལེན་ལོ་གསུམ་མཛད་རྗེས་གངས་དཀར་ཏི་སེ་དང་། གུར་རྒྱལ་ལྷ་མཚོ། མཚོ་མ་ཕམ་སོགས་སུ་གནས་མཇལ་ལ་ཕེབས། མེ་བྱི(༡༩༣༦)ལོར་ཁྱུང་ལུང་དངུལ་མཁར་དགོན་གྱི་རྨང་བཏིང་ནས་ཤིང་སྤྲེལ(༡༩༤༤)ལོར་གྲུབ། ནང་རྟེན་ཁྱད་པར་ཅན་ལེགས་པར་བཞེངས། འདི་ཉིད་ཀྱི་ལྗགས་རྩོམ་ལ་མཚོན་ན།ཚོགས་འདོན་བརྒྱུད་རིམ་བླ་མའི་གསོལ་འདེབས》 《དཔྱད་གསུམ་འབྲས་རྩིས་རཎི་བང་མཛོད》 《གསོ་རིག་བསྟན་བཅོས་གཞུང་ཆེན་མོ》 《སྔགས་འབུམ》 《ཀེག་རྩིས་རྡེའུ》 《དཀྱིལ་འཁོར་ཐིག་རྩ》 《མིང་གཞི་དང་བརྡ་སྤྲོད་རྩ་འགྲེལ》 《དབྱངས་ཅན་སྒྲ་མདོའི་འགྲེལ་པསོགས་གླེགས་བམ་བཅུ་གསུམ་བཞུགས། ཐུགས་སྲས་དཔལ་ཚུལ། མཁས་མཆོག རྒྱ་མཚོ། དར་པོ། རྒྱལ་མཚན། བདེ་མཆོག གསང་སྔགས། གཡུང་དྲུང་རྒྱལ་མཚན། བསྟན་པ་ཚུལ་ཁྲིམས་སོགས་མང་དུ་བྱུང་། དེ་བཞིན་བོན་རྒྱལ་བའི་གསུང་རབ་དང་རྗེ་ཉིད་ཀྱི་ལྗགས་རྩོམ་གླེགས་བམ་དུ་མ་རྒྱ་གར་ངྷི་ལིར་དཔར་དུ་བསྐྲུན། མཐར་དགུང་ལོ་ང་དགུ་ལ་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ཤིང་ལུག(༡༩༥༥)ལོར་ཞི་བར་གཤེགས།

language:
Tibetan

2. Thupten Phuntsok Dictionary

གཡུང་དྲུང་བོན་གྱི་རྗེ་འདི་ཉིད་མདོ་སྨད་དངུལ་རྫ་ཟིན་སྒང་སྟོད་ཀྱི་སྡེར་གཏོགས་ཡུལ་སྤ་བ་ལུང་ནང་ཟེར་བར་ཡབ་བསོད་ནམས་བསྟན་དར་དང་ཡུམ་བསོད་ནམས་གནམ་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་མེ་བྱ (༡༨༩༧) ལོར་འཁྲུངས། མཚན་བསོད་ནམས་བསྟན་འཛིན་ཞེས་གསོལ། དགུང་ལོ་བདུན་པ་ལ་བྱ་བྲལ་དྲང་སྲོང་རྒྱལ་བ་ཚུལ་ཁྲིམས་དགེ་རྒན་དུ་བསྟེན་ནས་ཡི་གེ་འབྲི་ཀློག་ལ་སྦྱངས། སྐྱབས་འགྲོ་དང་། སེམས་བསྐྱེད། སྙིང་པོ་རྣམ་གསུམ། གསོལ་འདེབས་སོགས་ཁྲི་ཕྲག་རེ་བསགས་ཤིང་། ཡི་གེ་རྩབ་ཤར་དཀར་ནག་གང་ལའང་ཀློག་འདོན་ཐོགས་མེད་དུ་བྱུང་། དགུང་ལོ་བཅུ་གཅིག་ནས་དབལ་གསས་བོན་སྐྱོངས། ཞི་ཁྲོ་ཁྲི་མཆོད། ཁྲོ་བོའི་བསྙེན་སྒྲུབ། མ་མོ་རྦོད་གཏོང་སོགས་འདོན་རིམས་དང་། དཀྱིལ་འཁོར་གྱི་ཐིག་རྩ་འབྲི་སྟངས། གཏོར་བཟོ་གྱེར་དབྱངས་དང་ཕྱག་རྒྱ། སྨན་རྩིས། ལྷ་རིས་སོགས་ལ་སྦྱངས་པ་ཕུལ་དུ་ཕྱིན། མཐར་དགུང་ལོ་ང་དགུ་ལ་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ཤིང་ལུག (༡༩༥༥) ལོར་ཞི་བར་གཤེགས།

language:
Tibetan