Skip to main content Skip to search
bad kan tshim byed
ID:
T237394
  • བད་ཀན་ཚིམ་བྱེད (Tibetan, Tibetan script, Original)
    • > bad kan tshim byed (Tibetan, Latin script, Transliteration-THL Extended Wylie Transliteration)
    • > beken tsim jé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

བྱེད་ལས་ལ་བལྟོས་ནས་བཏགས་པའི་ལུས་ཀྱི་རྩ་བའི་བད་ཀན་ལྔའི་ཡ་གྱལ་མགོ་བོའི་ཆར་གནས་པའི་བད་ཀན་གྱི་མིང་སྟེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་པ་བཻ་ཌཱུར་སྔོན་པོ་ལས། བད་ཀན་ཚིམ་བྱེད་ཅེས་བྱ་བ་ནི། མགོ་བོར་གནས་ནས་ལས་ནི་མིག་ལ་སོགས་པའི་དབང་པོ་རྣམས་རྒྱས་ཤིང་ཚིམ་པར་བྱེད་པ་ཡིན་ནོ། །ཞེས་དང་། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། བད་ཀན་ཚིམ་བྱེད་ནི། མིག་ལ་སོགས་པའི་ཡུལ་དུ་གཟུགས་ལ་སོགས་པ་ལོངས་སུ་སྤྱོད་པའི་ཚེ་ཚིམ་པར་བྱེད་པས་ན་ཚིམ་བྱེད། ཅེས་གསུངས།

language:
Tibetan