- phag gru sde srid bsod nams grags pa
- ID:
- T236558
- ཕག་གྲུ་སྡེ་སྲིད་བསོད་ནམས་གྲགས་པ (Tibetan, Tibetan script, Original)
- > phag gru sde srid bsod nams grags pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > pak dru dé si sönam drakpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཕག་གྲུ་སྡེ་སྲིད་ཁྲི་རབས་བཞི་པ་འདི་རབ་བྱུང་དྲུག་པའི་ས་ཕག་༡༣༥༩ལོར་ཡབ་དཔོན་རིན་རྡོར་བ་དང་། ཡུམ་དཔོན་མོ་རིན་མཚོའི་སྲས་སུ་འཁྲུངས། དགུང་ལོ་དགུ་པར་སྤྱན་སྔ་བཅུ་གཉིས་པའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས། མཚན་བསོད་ནམས་གྲགས་པར་གསོལ། དེ་རྗེས་སྣེ་གདོང་དུ་ཆོས་རྗེ་བླ་མ་དམ་པས་མཁན་པོ་དང་། མཁན་ཆེན་གཉོན་ནུ་དབང་པོས་སློབ་དཔོན་མཛད་དེ་རབ་ཏུ་བྱུང་། དགུང་ལོ་བཅུ་པར་རྩེད་ཐང་གི་གདན་སར་ཕེབས་ནས་འཆད་ཉན་རྒྱ་ཆེར་སྤེལ་ཏེ་ཚོགས་པ་ལོ་བཅུ་གསུམ་བསྐྱངས། ལྷ་སར་དགེ་བཤེས་མང་དུ་འཚོགས་པའི་སར་ཆོས་འཁོར་མཛད། ལོ་ཙཱ་བ་བྱང་ཆུབ་རྩེ་མོ་དང་མཁན་ཆེན་གཞོན་དབང་པ་སོགས་ནས་བསྙེན་རྫོགས་བཞེས། དགུང་ལོ་ཉེར་གསུམ་པ་རབ་བྱུང་དྲུག་པའི་ལྕགས་བྱ༡༣༨༡ལོར་ཕག་གྲུ་སྡེ་སྲིད་ཀྱི་ཁྲིར་ཕེབས་ནས་ལོ་བཞིར་སྲིད་བསྐྱངས་ཏེ་ཤིང་གླང་༡༣༨༥ལོར་སྡེ་སྲིད་ཀྱི་ཁྲི་ལས་བཤོལ་ཏེ་གདན་ས་ཐེལ་གྱི་སྤྱན་སྔ་ལོ་བཅུ་དགུ་མཛད། རབ་བྱུང་བདུན་པའི་ས་བྱི༡༤༠༨ལོར་སྐུ་བཤེགས།
- language:
- Tibetan
2. Thupten Phuntsok Dictionary
ཕག་གྲུ་སྡེ་སྲིད་ཁྲི་རབས་བཞི་པ་འདི་རབ་བྱུང་དྲུག་པའི་ས་ཕག་ (༡༣༥༩) ལོར་ཡབ་དཔོན་རིན་རྡོར་བ་དང་། ཡུམ་དཔོན་མོ་རིན་མཚོའི་སྲས་སུ་འཁྲུངས། དགུང་ལོ་དགུ་པར་སྤྱན་སྔ་བཅུ་གཉིས་པའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས། མཚན་བསོད་ནམས་གྲགས་པར་གསོལ། དེ་རྗེས་སྣེ་གདོང་དུ་ཆོས་རྗེ་བླ་མ་དམ་པས་མཁན་པོ་དང་། མཁན་ཆེན་གཞོན་ནུ་དབང་པོས་སློབ་དཔོན་མཛད་དེ་རབ་ཏུ་བྱུང་། དགུང་ལོ་བཅུ་པར་རྩེད་ཐང་གི་གདན་སར་ཕེབས་ནས་འཆད་ཉན་རྒྱ་ཆེར་སྤེལ་ཏེ་ཚོགས་པ་ལོ་བཅུ་གསུམ་བསྐྱངས། ལྷ་སར་དགེ་བཤེས་མང་དུ་འཚོགས་པའི་སར་ཆོས་འཁོར་མཛད། ལོ་ཙཱ་བ་བྱང་ཆུབ་རྩེ་མོ་དང་། མཁན་ཆེན་གཞོན་དབང་པ་སོགས་ནས་བསྙེན་རྫོགས་བཞེས། དགུང་ལོ་ཉེར་གསུམ་པ་རབ་བྱུང་དྲུག་པའི་ལྕགས་བྱ (༡༣༨༡) ལོར་ཕག་གྲུ་སྡེ་སྲིད་ཀྱི་ཁྲིར་ཕེབས་ནས་ལོ་བཞིར་སྲིད་བསྐྱངས་ཏེ་ཤིང་གླང་ (༡༣༨༥) ལོར་སྡེ་སྲིད་ཀྱི་ཁྲི་ལས་བཤོལ་ཏེ་གདན་ས་ཐེལ་གྱི་སྤྱན་སྔ་ལོ་བཅུ་དགུ་མཛད། རབ་བྱུང་བདུན་པའི་ས་བྱི (༡༤༠༨) ལོར་སྐུ་གཤེགས།
- language:
- Tibetan