- paN chen sku phreng lnga pa blo bzang ye shes
- ID:
- T235700
- པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས (Tibetan, Tibetan script, Original)
- > paN chen sku phreng lnga pa blo bzang ye shes (Tibetan, Latin script, Transliteration-THL Extended Wylie Transliteration)
- > penchen ku treng ngapa lo zang yeshe (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རབ་བྱུང་བཅུ་གཅིག་པའི་ཆུ་ཡོས་(༡༦༦༣)ལོའི་བོད་ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་ཡབ་ཞབས་དྲུང་བསོད་ནམས་གྲགས་པ་དང་ཡུམ་ཚེ་བརྟན་བུ་ཁྲིད་གཉིས་ཀྱི་སྲས་སུ་གཙང་ཐོབ་རྒྱལ་བྲུལ་ཚང་དུ་སྐུ་བལྟམས། གདུང་རྒྱུད་བོན་ཡིན་པར་གྲགས། ཤིང་འབྲུག(༡༦༦༤)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོས་པན་ཆེན་སྐུ་ཕྲེང་བཞི་པའི་ཡང་སྲིད་དུ་ངོས་འཛིན་མཛད། མེ་ལུག(༡༦༦༧)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོའི་བཀའ་དགོངས་བཞིན་བཀྲས་ལྷུན་དུ་གདན་དྲངས་ཏེ་གསེར་ཁྲིར་མངའ་གསོལ། དགུང་ལོ་བརྒྱད་ལ་ཕེབས་པ་ལྕགས་ཁྱི(༡༦༧༠)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོས་དགེ་ཚུལ་གྱི་སྡོམ་པ་བསྩལ། དགུང་ལོ་ཉི་ཤུ་རྩ་གཉིས་ལ་སྔགས་ཆེན་རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། གོང་མ་ཁང་ཤིས་ཕོ་ཉ་མངགས་ཏེ་གདན་ཞུ་ལན་དུ་མ་བྱུང་རུང་མ་ཕེབས་མ་ཐུབ། རབ་བྱུང་བཅུ་གཉིས་པ་མེ་གླང(༡༦༩༧)ལོར་རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་ལ་དགེ་བསྙེན་དང་། རབ་བྱུང་། དགེ་ཚུལ་བཅས་ཀྱི་སྡོམ་པ་འབོགས་པར་མཛད། དགུང་ལོ་ང་གཅིག་པ་རབ་བྱུང་བཅུ་གཉིས་པའི་ཆུ་སྤྲུལ(༡༧༡༣)ལོར་གོང་མས་པཎ་ཆེན་ཨེར་ཏི་ནི(པཎ་ཞེས་པ་ལེགས་སྦྱར་གྱི་སྐད་པཎྜི་ཏའི་བསྡུས་མིང་། བོད་སྐད་དུ་མཁས་པའི་དོན་དང་། ཨེར་ཏི་་ནི་ཞེས་པ་སོག་སྐད། བོད་སྐད་དུ་རིན་པོ་ཆེ་ཞེས་པའི་དོན)ཞེས་པའི་མཚན་འཕར་དང་འཇའ་ས་ཐམ་ག་ཕུལ། དེ་ནས་བཟུང་སྐུ་ཕྲེང་རིམ་བྱོན་ལ་ཐ་སྙད་དེ་ལྟར་གྲགས། མེ་བྱ(༡༧༡༧)ལོར་སོག་པོ་ཇུན་གར་ཚེ་དབང་རབ་བརྟན་གྱིས་དམག་ཁྲིད་དེ་ཤིན་ཅང་ནས་བོད་དུ་འཛུལ་དུས་པན་ཆེན་རིན་པོ་ཆེ་ལྷ་སར་བར་འདུམ་བྱེད་དུ་ཕེབས་ཀྱང་དོན་འབྲས་མ་བྱུང་བས་བཀྲས་ལྷུན་དུ་ཕྱིར་ཕེབས། ལྕགས་བྱི(༡༧༢༠)ལོར་རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་ལ་དགེ་ཚུལ་གྱི་སྡོམ་པ་འབོགས་པར་འཛད། རབ་བྱུང་བཅུ་གཅིག་པའི་ལྕགས་ཁྱི(༡༦༧༠)ལོ་ནས་རབ་བྱུང་བཅུ་གཉིས་པའི་མེ་སྤྲུལ་(༡༧༣༧)བར་བཀྲས་ལྷུན་གདན་ས་ལོ་དྲུག་ཅུ་རེ་བརྒྱད་བསྐྱངས། ལམ་རིམ་མྱུར་ལམ་དམར་ཁྲིད་དང་རང་རྣམ་སོགས་བཀའ་རྩོམ་པོད་བཞི་བཞུགས། དགུང་ལོ་དོན་ལྔ་ལ་ཕེབས་པ་མེ་སྦྲུལ(༡༧༣༧)ལོར་བླ་བྲང་ཡིད་དགའ་ཆོས་འཛིན་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ། སྐུ་གདུང་རིལ་པོ་བཞུགས་པའི་མཆོད་སྡོང་ཆེན་པོ་བཀྲ་ཤིས་ལྷུན་པོར་རབ་བྱུང་བཅུ་དྲུག་པའི་མེ་རྟ་ལོ་བར་བཞུགས།
- language:
- Tibetan
2. Thupten Phuntsok Dictionary
རབ་བྱུང་བཅུ་གཅིག་པའི་ཆུ་ཡོས (༡༦༦༣) ལོའི་བོད་ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་ཡབ་ཞབས་དྲུང་བསོད་ནམས་གྲགས་པ་དང་ཡུམ་ཚེ་བརྟན་བུ་ཁྲིད་གཉིས་ཀྱི་སྲས་སུ་གཙང་ཐོབ་རྒྱལ་བྲུལ་ཚང་དུ་སྐུ་བལྟམས། གདུང་རྒྱུད་བོན་ཡིན་པར་གྲགས། ཤིང་འབྲུག (༡༦༦༤) ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོའི་བཀའ་དགོངས་བཞིན་བཀྲས་ལྷུན་དུ་གདན་དྲངས་ཏེ་གསེར་ཁྲིར་མངའ་གསོལ། རྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་ལ་དགེ་བསྙེན་དང་རབ་བྱུང་དགེ་ཚུལ་བཅས་ཀྱི་སྡོམ་པ་འབོགས་པར་མཛད། དགུང་ལོ་དོན་ལྔ་ལ་ཕེབས་པ་མེ་སྦྲུལ (༡༧༣༧) ལོར་བླ་བྲང་ཡིད་དགའ་ཆོས་འཛིན་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ། སྐུ་གདུང་རིལ་པོ་བཞུགས་པའི་མཆོད་སྡོང་ཆེན་པོ་བཀྲ་ཤིས་ལྷུན་པོར་རབ་བྱུང་བཅུ་དྲུག་པའི་མེ་རྟ་ལོ་བར་བཞུགས།
- language:
- Tibetan