- snar thang pa bzod pa dpal grub
- ID:
- T235584
- སྣར་ཐང་པ་བཟོད་པ་དཔལ་གྲུབ (Tibetan, Tibetan script, Original)
- > snar thang pa bzod pa dpal grub (Tibetan, Latin script, Transliteration-THL Extended Wylie Transliteration)
- > nar tangpa zöpa pal drub (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་ཉིད་རབ་བྱུང་བདུན་པའི་ལྕགས་སྦྲུལ་(༡༤༠༡)ལོར་ཆུ་སྒོ་གཞུང་དུ་སྐུ་འཁྲུངས། མཁན་ཆེན་གྲུབ་པ་ཤེས་རབ་ལས་རབ་ཏུ་བྱུང་། མཚན་བཟོད་པ་དཔལ་གྲུབ་ཅེས་གསོལ། སྔ་རྗེས་སུ་མཁས་གྲུབ་དགེ་ལེགས་དཔལ་བཟང་དང་རྗེ་ཤེས་རབ་སེང་གེ། ཐམས་ཅད་མཁྱེན་པ་རྗེ་དགེ་འདུན་གྲུབ་པ་སོགས་མཁས་གྲུབ་མང་པོའི་ཞབས་ལ་གཏུགས་ནས་སྡེ་སྣོད་ལ་ཤིན་ཏུ་མཁས་པར་གྱུར། སྣར་ཐང་དུ་མཚན་ཉིད་ཀྱི་འཆད་ཉན་ཡང་མཛད། དགུང་ལོ་རེ་བརྒྱད་བཞེས་པ་རབ་བྱུང་བརྒྱད་པའི་ས་བྱི་(༡༤༦༨)ལོར་སྣར་ཐང་ཆོས་སྡེའི་གདན་ཁྲིར་ཕེབས་ནས་གདན་ས་ལོ་གསུམ་བསྐྱངས་མཐར་དགུང་ལོ་བདུན་བཅུ་ཐམ་པར་རབ་བྱུང་བརྒྱད་པའི་ལྕགས་སྟག་(༡༤༧༠)ལོར་སྐུ་བཤེགས། །
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་ཉིད་རབ་བྱུང་བདུན་པའི་ལྕགས་སྦྲུལ (༡༤༠༡) ལོར་ཆུ་སྒོ་གཞུང་དུ་སྐུ་འཁྲུངས། མཁན་ཆེན་གྲུབ་པ་ཤེས་རབ་ལས་རབ་ཏུ་བྱུང་། མཚན་བཟོད་པ་དཔལ་གྲུབ་ཅེས་གསོལ། སྔ་རྗེས་སུ་མཁས་གྲུབ་དགེ་ལེགས་དཔལ་བཟང་དང་། རྗེ་ཤེས་རབ་སེང་གེ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་སོགས་མཁས་གྲུབ་མང་པོའི་ཞབས་ལ་གཏུགས་ནས་སྡེ་སྣོད་ལ་ཤིན་ཏུ་མཁས་པར་གྱུར། སྣར་ཐང་དུ་མཚན་ཉིད་ཀྱི་འཆད་ཉན་ཡང་མཛད། དགུང་ལོ་དྲུག་ཅུ་རེ་བརྒྱད་བཞེས་པ་རབ་བྱུང་བརྒྱད་པའི་ས་བྱི་ (༡༤༦༨) ལོར་སྣར་ཐང་ཆོས་སྡེའི་གདན་ཁྲིར་ཕེབས་ནས་གདན་ས་ལོ་གསུམ་བསྐྱངས་མཐར་དགུང་ལོ་བདུན་ཅུ་ཐམ་པ་རབ་བྱུང་བརྒྱད་པའི་ལྕགས་སྟག (༡༤༧༠) ལོར་སྐུ་གཤེགས།
- language:
- Tibetan