- snang 'char ri mo'i grub mtha'
- ID:
- T235542
- སྣང་འཆར་རི་མོའི་གྲུབ་མཐའ (Tibetan, Tibetan script, Original)
- > snang 'char ri mo'i grub mtha' (Tibetan, Latin script, Transliteration-THL Extended Wylie Transliteration)
- > nang char rimö drubta (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ནུབ་ཕྱོགས་པའི་རི་མོའི་གྲུབ་མཐའ་གལ་ཆེ་བ་ཞིག་ཡིན་སྤྱི་ནང་ཧྥ་རན་སིར་ཐོན་ཞིང་། དེར་སྔ་མ་དང་རྗེས་མ། སྣང་འཆར་རིང་ལུགས་གསར་མ་བཅས་ཁག་གསུམ་ལ་དབྱེ་ཡོད། དེ་ཡང་སྤྱི་ལོ་༡༨༧༤ལོར་ཧྥ་རན་སིའི་གཞོན་ནུ་རི་མོ་མཁས་ཅན་ཁག་གཅིག་གིས་རི་མོའི་འགྲེམས་སྟོན་ཐེངས་དང་པོ་སྐབས་མོ་ནའེ་ཡིས་བྲིས་པའི་ཉི་ཤར་སྣང་འཆར》ཞེས་པའི་བརྩམ་བྱར་སློབ་གླིང་གྲུབ་མཐས་ཚུར་རྒོལ་བྱས་པའི་རྐྱེན་གྱིས་མིང་དེ་ལྟར་ཐོགས་པ་ཡིན། སྣང་འཆར་གྲུབ་མཐས་རི་མོའི་ཐབས་རྩལ་གྱི་ཐད་ལ་འོད་དང་ཚོན་མདོག་གཉིས་ལ་ཞིབ་འཇུག་བྱས་ཏེ་ཕྱི་རོལ་ཡུལ་གྱི་འོད་མདངས་ལ་བརྟེན་ནས་བྲི་ཆ་མཚོན་པར་བྱེད་པའི་ལག་རྩལ་གསར་གཏོད་བྱས་པ་དང་རི་མོ་འབྲི་སྐབས་ཁྱིམ་དུ་མ་བསྡད་པར་ཕྱི་རོལ་དུ་སོང་ནས་གསོན་བྲིས་ཀྱིས་འབྲི་ཐེངས་གཅིག་ལ་གྲུབ་པ་བྱེད་ཀྱི་ཡོད། ཉི་འོད་ལས་གྲུབ་པའི་ཁ་དོག་བདུན་པོ་དེས་གསལ་མུན་གྱིས་དཀར་ནག་གཉིས་ཀྱིས་རྨང་གཞི་བྱས་པའི་གསལ་མུན་གྱི་ཚབ་བྱས་ཏེ། ཡུལ་ལྗོངས་དང་འགུལ་མེད་དངོས་པོ། མི་སྣའི་འདྲ་རིས་སོགས་ཀྱི་ཐད་ཚོན་མདངས་ཁམས་དྭངས་ལ་པིར་རྗེས་སྟབས་བདེ་བའི་དམིགས་བསལ་གྱི་ཁྱད་ཆོས་ཐོག་ནས་ཡོ་རོབ་ཀྱི་རི་མོའི་ཐབས་རྩལ་ལ་ལེགས་བཅོས་བྱེད་པར་བྱས་རྗེས་ཆེན་པོ་བཞག་ཡོད། གྲུབ་མཐའ་དེའི་ཚབ་བྱེད་ཀྱི་རི་མོ་མཁས་པ་ནི་མོ་ནའེ་དང་། ཤི་སི་ལའེ། པི་ཧྲཱ་ལོ། ལེ་ནེ་ཨ་སོགས་ཡིན།
- language:
- Tibetan