- rnam gzhag brgyad
- ID:
- T235441
- རྣམ་གཞག་བརྒྱད (Tibetan, Tibetan script, Original)
- > rnam gzhag brgyad (Tibetan, Latin script, Transliteration-THL Extended Wylie Transliteration)
- > namshyak gyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གནའ་བོའི་རྒྱ་སྲོལ་རི་མོའི་གཞུང་ལུགས་ཐོག་སྤྱོད་པའི་མིང་ཚིག་ཅིག་ཡིན། ༡ བྲག་རྔོ་འབྲི་སྐབས་རྒན་ཉམས་དང་བོངས་གཟུགས་ཆེན་པོ་འབྲི་དགོས་པ། ༢ ཆུ་བོ་འབྲི་སྐབས་དྭངས་ཤིང་གསལ་བ་འབྲི་དགོས་པ། ༣ རི་བོ་འབྲི་སྐབས་མཐོ་ཞིང་གཟར་བ་འབྲི་དགོས་པ། ༤ འབབ་ཆུ་འབྲི་སྐབས་འབབ་སྟོར་གྱི་རྣམ་པ་འབྲི་དགོས་པ། ༥ དུ་སྤྲིན་འབྲི་སྐབས་གབ་ཐོན་གྱི་རྣམ་པ་འབྲི་དགོས་པ། ༦ རི་གྲོང་ལམ་ཆུང་འབྲི་སྐབས་ཀྱག་ཀྱོག་གི་རྣམ་པ་འབྲི་དགོས་པ། ༧ ཐང་ཤིང་འཁྱོག་པོ་འབྲི་སྐབས་འབྲུག་སྦྲུལ་གྱི་དབྱིབས་ལྟར་འབྲི་དགོས་པ། ༨ རྨྱུག་མ་འབྲི་སྐབས་ཆར་རླུང་གི་ཁྲོད་དུ་སྦས་པའི་ཚུལ་ལྟར་འབྲི་དགོས་པ་བཅས་སོ། །
- language:
- Tibetan