Skip to main content Skip to search
rnam par shes pa'i rgyun
ID:
T235428
  • རྣམ་པར་ཤེས་པའི་རྒྱུན (Tibetan, Tibetan script, Original)
    • > rnam par shes pa'i rgyun (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nampar shepé gyün (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སངས་རྒྱས་ཆོས་ལུགས་གི་བཤད་སྲོལ་ལ་སེམས་དང་སེམས་བྱུང་གཉིས་ལས་སེམས་ལ་རྣམ་པར་ཤེས་པ་ཟེར་ཞིང་རྣམ་པར་ཤེས་པའི་སྐད་ཅིག་དང་པོ་དང་གཉིས་པ་གཉིས་ལས་གཉིས་པ་སོགས་སྐད་ཅིག་དང་པོ་དེིའི་རྒྱུན་དུ་ཁས་བླངས་པ་ཡིན། དཔེར་ན། ནས་གྱི་མྱུ་གུ་ལྟ་བུ་ནས་ནས་ས་བོན་གྱི་རྒྱུན་དང་། འབྲས་བུ་སྨིན་པའི་སྐབས་གྱི་ལྗོན་པ་དང་། སྤྱི་ཟླ་བདུན་པ་དང་། ལྔ་པའི་སྐབས་གྱི་མྱུ་གུ་རྣམས་དང་པོ་སྐྱེས་སྐབས་ཀྱི་མྱུ་གུའི་རྒྱུན་ཡིན་པ་བཞིན་ནོ།

language:
Tibetan

2. Thupten Phuntsok Dictionary

སེམས་དང་སེམས་བྱུང་གཉིས་ལས་སེམས་ལ་རྣམ་པར་ཤེས་པ་ཟེར་ཞིང་། རྣམ་པར་ཤེས་པའི་སྐད་ཅིག་དང་པོ་དང་གཉིས་པ་གཉིས་ལས་གཉིས་པ་སོགས་སྐད་ཅིག་དང་པོ་དེའི་རྒྱུན་དུ་ཁས་བླངས་པ་ཡིན། དཔེར་ན། ནས་ཀྱི་མྱུ་གུ་ལྟ་བུ་ནས་ཀྱི་ས་བོན་གྱི་རྒྱུན་དང་། འབྲས་བུ་སྨིན་པའི་སྐབས་ཀྱི་ལྗོན་པ་དང་། སྤྱི་ཟླ་བདུན་པ་དང་། ལྔ་པའི་སྐབས་ཀྱི་མྱུ་གུ་རྣམས་དང་པོ་སྐྱེས་སྐབས་ཀྱི་མྱུ་གུའི་རྒྱུན་ཡིན་པ་བཞིན་ནོ།

language:
Tibetan

3. Negi Tibetan-Sanskrit Dictionary

vijñānaprabandhaḥ — དེའི་ཚེ་ཤེས་པའི་རྟེན་རིགས་པ་ཅན་གྱིས་བརྟགས་པའི་བདག་གམ་རྣམ་པར་ཤེས་པའི་རྒྱུན་མེད་པའི་ཕྱིར་རོ༎ jñānāśrayasyātmano naiyāyikādiprakalpitasya vijñānaprabandhasya vā tadānīmabhāvāt ta.pa.91ka/636; vijñānasrotaḥ — ཉོན་མོངས་པ་འཇུག་པ་ན་བྱ་བ་བཅུ་བྱེད་དེ། རྩ་བ་བརྟན་པར་བྱེད་དོ༎རྣམ་པར་ཤེས་པའི་རྒྱུན་འཁྲིད་པར་བྱེད་དོ༎ kleśo hi pravartamāno daśa kṛtyāni karoti—mūlaṃ dṛḍhīkaroti…vijñānasroto namayati abhi.bhā.226kha/760.

language:
Sanskrit