Skip to main content Skip to search
nag po'i lums
ID:
T234780
  • ནག་པོའི་ལུམས (Tibetan, Tibetan script, Original)
    • > nag po'i lums (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nakpö lum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

བོང་བ་ནག་པོ་སོགས་ཀྱིས་སྦྱོར་བ་བྱས་པའི་རྨའི་སྐྲངས་པ་ཞི་བྱེད་ཀྱིས་འབྱར་སྨན་ཞིག་གི་མིང་ཡིན་པས་དེར་ནག་པོའི་ལུམས་ཞེས་བཏགས་པ་ཡིན་ཞེས་དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས་གསུངས་ཤིང་། དེའི་སྦྱོར་སྡེ་དངོས་ནི། མན་ངག་ཡོན་ཏན་རྒྱུད་ལས། ཅིས་ཀྱང་མི་ཐུབ་ནག་པོའི་ལུམས་ཀྱི་གདུལ། ཁྱི་ལུད་རེ་ལྕགས་སྤྱང་ཚེར་རྩ་བ་དང་། དུག་གསུམ་བྲུན་བཞི་རྒྱ་སྐྱེགས་གུ་གུལ་རྣམས། རྗེན་ཕྱེ་མར་ནག་སྦྱར་བཙོས་ཞུན་དུ་གཞག ཅེས་གསུངས་པ་ལྟར་རོ།

language:
Tibetan