- 'khor sa chen mo/
- ID:
- T23441
- འཁོར་ས་ཆེན་མོ (Tibetan, Tibetan script, Original)
- > 'khor sa chen mo/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > khorsa chenmo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. dung dkar bod rig pa'i tshig mdzod chen mo
བསམ་ཡས་གཙུག་ལག་ཁང་ལྟེ་བའི་མཐའ་བསྐོར་དུ་འཁོར་ས་ནང་མ་དང་ཕྱི་མ་གཉིས་ཡོད་པའི་འཁོར་ས་ཕྱི་མ་འདི་ལ་ཐོག་སོ་གཉིས་དང་ཕྱོགས་གསུམ་ལ་སྒོ་རེ་ཡོད་པའི་སྟེང་ཐོག་ནི་བསམ་ཡས་རབ་བྱུང་གྲྭ་ཚང་གི་དགེ་འདུན་རྣམས་ཀྱི་གྲྭ་ཤག་ཡིན་ཅིང༌། འོག་ཐོག་ཀ་ཕིབས་ལ་ཀ་བ་ཕྱི་ནང༡༢༠དང་ཁྱོན་བསྡོམས་ཀ་བ་ངོ་གྲངས༢༤༨ཡོད་པ་ལ་རྩིག་ལྡེབས་སུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཁན་སློབ་རྣམ་གཉིས་གདན་དྲངས་པ་དང་བསམ་ཡས་གཙུག་ལག་ཁང་བཞེངས་པ། དེ་ལ་མཁན་སློབ་གཉིས་ཀྱིས་རབ་གནས་མཛད་པ། སྐབས་དེར་ངོ་མཚར་ཆེ་བའི་རྟགས་དང་མཚན་མ་ཇི་ལྟར་བྱུང་བ། གཙུག་ལག་ཁང་རབ་གནས་གྲུབ་པའི་དགའ་སྟོན་གྱི་ལྟད་མོ་ཉིན་གསུམ་རིང་སྒྱུ་རྩལ་གྱི་རྣམ་གྲངས་གང་དང་གང་བསྟན་པ་སོགས་ཀྱི་གནས་ཚུལ་རྣམས་ཤར་སྒོའི་གཡས་གཡོན་གྱི་རྩིག་ལྡེབས་སུ་རི་མོར་བྲིས་ཡོད།
- language:
- Tibetan
3. Thupten Phuntsok Dictionary
བསམ་ཡས་གཙུག་ལག་ཁང་ལྟེ་བའི་མཐའ་བསྐོར་དུ་འཁོར་ས་ནང་མ་དང་ཕྱི་མ་གཉིས་ཡོད་པའི་འཁོར་ས་ཕྱི་མ་འདི་ལ་ཐོག་སོ་གཉིས་དང་ཕྱོགས་གསུམ་ལ་སྒོ་རེ་ཡོད་པའི་སྟེང་ཐོག་ནི་བསམ་ཡས་རབ་བྱུང་གྲྭ་ཚང་གི་དགེ་འདུན་རྣམས་ཀྱི་གྲྭ་ཤག་ཡིན།
- language:
- Tibetan