Skip to main content Skip to search
ldan ma dge bshes ngag dbang chos grub
ID:
T234350
  • ལྡན་མ་དགེ་བཤེས་ངག་དབང་ཆོས་གྲུབ (Tibetan, Tibetan script, Original)
    • > ldan ma dge bshes ngag dbang chos grub (Tibetan, Latin script, Transliteration-THL Extended Wylie Transliteration)
    • > den ma geshé ngawang chö drub (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

མཚན་གཞན་གདན་མ་སྟོང་དཔོན་ཞུ་བ་མཆོག་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་སྟག(༡༨༩༠)ལོར་ཁམས་ལྡན་མ་ཁུལ་དུ་སྐུ་འཁྲུངས། སྐུ་ཆུང་དུས་དབུས་སུ་ཕེབས་ནས་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་མཛད། ལྡན་མ་བློ་ཆོས་སོགས་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ནས་གཞུང་ཆེན་ལ་སློབ་གཉེར་གནང།ང་། རྗེས་སུ་ལྷ་རམས་པའི་གྲྭ་སྐོར་མཛད་ནས་མཁས་པའི་གྲགས་པ་ཐོབ། དགུང་ལོ་ང་ལྔ་ཙམ་ལ་སྦྱིན་བདག་གིས་གདན་ཞུས་ལྟར་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་ནས་ཆོས་འཁོར་རྒྱ་ཆེར་བསྐོར། བཀའ་རྩོམཚུལ་དང་ཚུལ་མ་ཡིན་པ་རྣམ་པར་འབྱེད་པའི་བསྟན་བཅོས་རིག་པའི་ཉིན་བྱེད》《ཆོས་ཀྱི་དབྱངས་གསལ་འབྱེད་པའི་གཏམ་ཀླུ་སྒྲུབ་དགོངས་རྒྱན་དང་དེའི་རང་འགྲེལ་སོགསམཛད། དགུང་ལོ་དྲུག་ཅུ་ལ་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ས་གླང(༡༩༤༩)ལོར་སྐུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

མཚན་གཞན་གདན་མ་སྟོང་དཔོན་ཞུ་བ་མཆོག་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་སྟག་(༡༨༩༠)ལོར་ཁམས་ལྡན་མ་ཁུལ་དུ་སྐུ་འཁྲུངས། ཆུང་དུས་ནས་དབུས་སུ་ཕེབས་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་མཛད། རྗེས་སུ་ལྷ་རམས་པའི་གྲྭ་སྐོར་མཛད་ནས་མཁས་པའི་གྲགས་པ་ཐོབ། དགུང་ལོ་ང་ལྔ་ཙམ་ལ་རི་བོ་རྩེ་ལྔར་ཕེབས་ནས་ཆོས་འཁོར་རྒྱ་ཆེར་བསྐོར། དགུང་ལོ་དྲུག་ཅུ་ལ་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ས་གླང་(༡༩༤༩)ལོར་སྐུ་གཤེགས།

language:
Tibetan