- bden grub kyi chos rdul tsam yang med pa
- ID:
- T233844
- བདེན་གྲུབ་ཀྱི་ཆོས་རྡུལ་ཙམ་ཡང་མེད་པ (Tibetan, Tibetan script, Original)
- > bden grub kyi chos rdul tsam yang med pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > dendrub kyi chö dul tsam yang mepa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དབུ་མ་པ་རྣམས་ཀྱིས་ནང་གི་ཆོས་ཐམས་ཅད་ཐ་སྙད་དུ་སྣང་ཙམ་མ་གཏོགས་རང་གི་ངོ་བོས་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་པར་བཞིན་དེ། རང་རེའི་བློ་ལ་གང་སྣང་ཐམས་ཅད་བདེན་གྲུབ་ཏུ་སྣང་བའི་སྣང་བ་ཀུན་རྫོབ་འདི་དག་དོན་དམ་དཔྱོད་པའི་རིགས་ཤེས་ཀྱིས་བཙལ་བའི་ཚེ་རྙེད་དམ་མི་བརྙེད། རྙེད་ན་དེ་དག་བདེན་གྲུབ་ཏུ་གྱུར་ལ། བློའི་དབང་གིས་བཞག་པ་ཙམ་ལས་བཏགས་དོན་བཙལ་ན་གང་ཡང་མི་རྙེད་པ་དེ་ཆོས་ཐམས་ཅད་བདེན་པར་མ་གྲུབ་པའི་དོན་ཡིན་ཏེ། དཔེར་ན། རང་རེའི་ལུས་པོ་ལ་ཆ་མཚོན་ན། མི་གཙང་བའི་རྫས་སུམ་ཅུ་རྩ་གཉིས་ཚོགས་པའི་ཤ་རུས་རྡོས་བཅས་ཀྱི་ཕུང་པོ་འདི་ལ་དམིགས་ནས་ངའི་ལུས་སོ་སྙམ་དུ་བློས་ཕར་བཏགས་པ་མིན་པར་དོན་གྱི་སྟེང་ན་ལུས་པོཡོ་རེ་བ་ཡོད་པ་ཞིག་བསྙོན་མེད་དུ་འཆར་ལ། དེ་ལྟར་སྣང་བའི་ལུས་པོ་དེ་བློས་བཏགས་ཙམ་མིན་པར་རང་ངོས་ནས་བདེན་པར་གྲུབ་པ་ཞིག་ཡོད་ན། དེ་འདྲའི་ལུས་དེ་མགོ་དང་རྐང་དང་ལག་པ་སོགས་ལུས་ཀྱིས་ཆ་ཤས་རྣམས་ལས་ལོགས་སུ་ཡོད་དམ་ཆ་ཤས་དེ་རྣམས་དང་གཅིག་ཏུ་ཡོད། ལོགས་སུ་ཡོད་ན་ནི་མགོ་དང་རྐང་ལག་སོགས་རེ་རེ་ནས་བསལ་བའི་རྗེས་སུ་ལུས་དེ་འདིའོའདིའི་ཞེས་བསྟན་རྒྱུ་དགོས་ལ། དེ་ལྟར་བསྟན་རྒྱུ་མེད་པས་ལོགས་སུ་མེད་པ་ཐག་བཅད། ལུས་ཀྱི་ཆ་ཤས་རྣམས་དང་གཅིག་རུཏུ་མ་གྲུབ་སྟེ། མགོ་བོ་ཡང་ལུས་མིན། རྐང་པའང་ལུས་མིན། ལག་པའང་ལུས་མིན། དེ་ལྟར་ཆ་ཤས་རེ་རེ་ནས་རིག་པས་བཙལ་ན་ལུས་དེ་བསྟན་རྒྱུ་མེད་པས་ལུས་ཞེས་བརྗོད་པ་དང་བློ་ལ་སྣང་བ་འདི་ནི་རྟོགས་པས་བཏགས་པ་ཙམ་དུ་ཟད་པས་ལུས་རང་ངོས་ནས་བདེན་པར་གྲུབ་པ་མེད་པ་གོ་སླ་ཞིང་ལུས་ལ་དཔྱད་པ་བྱས་པ་ལྟར་དུ་ཡན་ལག་རྣམས་ལའང་དེ་བཞིན་དཔྱད་ན་དེ་དག་ཀྱང་རང་ངོས་ནས་བདེན་པར་གྲུབ་པ་མེད་དེ། ལག་པ་ཞེས་པ་ནི་མཐེ་བོང་དང།ང་། མཛུབ་མོམོ་དང།ང་། མཐེའུ་ཆུང་སོགས་ཚོགས་པ་ལ་བརྟེན་ནས་བློས་ཕར་བཏགས་པ་ཙམ་ཡིན་གྱི་ལག་པ་རང་ངོས་ནས་བདེན་པར་གྲུབ་པ་རྡུལ་ཙམ་མེད་པས། ལུས་ལ་སོགས་པའི་ཕྱི་ཕྱེ་ནང་གི་ཆོས་ཐམས་ཅད་རང་རང་གི་གདགས་གཞི་ལ་བཏགས་པ་ཙམ་མ་གཏོགས་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་པ་ནི་དཔེར་ན། སྒྱུ་མ་མཁན་གྱིས་རྡེའུ་ཤིང་བུ་སོགས་རྟ་གླང་དུ་སྤྲུལ་པའི་ཚེ། སྔགས་རྫས་ཀྱིས་མིག་བསླད་པའི་ལྟད་མོ་བ་ནི་སྤྲུལ་གཞི་དེ་རྟ་གླང་དུ་སྣང་བ་ཙམ་དུ་མ་ཟད་སྣང་བ་ལྟར་དུ་གཞི་དེར་དང་པོ་ནས་རྟ་གླང་མཚན་ཉིད་པ་གཅིག་པ་ཡུལ་རང་ངོས་ནས་ཡོད་པར་འཛིན་ཅིང།ང་། སྒྱུ་མ་མཁན་རང་ཉིད་ལ་རྡེའུ་ཤིང་བུ་སོགས་རྟ་གླང་དུ་སྣང་བ་དེ་བློའི་དབང་གིས་བཞག་པ་ཙམ་ལས། བློ་ལ་མ་ལྟོས་པའི་དོན་རང་ངོས་ནས་བདེན་པར་གྲུབ་པའི་རྟ་གླང་ཞིག་ཡོད་པར་མི་ཞེན་པ་ལྟ་བུའོ།འོ།། དཔེ་དེ་བཞིན་དུ་དབུ་མ་པ་རྣམས་ཀྱིས་བདེན་དངོས་འགོག་པའི་རིགས་པ་གཅིག་ཏུ་བྲལ་སོགས་མང་དུ་གསུང་ས་པ་རྣམས་གཞུང་གཞན་ལས་ཤེས་པར་བྱའོ།འོ།།
- language:
- Tibetan
2. Thupten Phuntsok Dictionary
དབུ་མ་པ་རྣམས་ཀྱིས་ཕྱི་ནང་གི་ཆོས་ཐམས་ཅད་ཐ་སྙད་དུ་སྣང་ཙམ་མ་གཏོགས་རང་གི་ངོ་བོས་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་པར་བཞེད་དོ། །
- language:
- Tibetan