Skip to main content Skip to search
de bzhin gshegs pa'i ye shes kyi stobs gcig nyid mkhyen yun gyi sgo nas dbye ba bcu
ID:
T233226
  • དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྟོབས་གཅིག་ཉིད་མཁྱེན་ཡུན་གྱི་སྒོ་ནས་དབྱེ་བ་བཅུ (Tibetan, Tibetan script, Original)
    • > de bzhin gshegs pa'i ye shes kyi stobs gcig nyid mkhyen yun gyi sgo nas dbye ba bcu (Tibetan, Latin script, Transliteration-THL Extended Wylie Transliteration)
    • > deshyin shekpé yeshe kyi tob chik nyi khyen yün gyi goné yewa chu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སྔོན་གྱི་སེམས་བསྐྱེད་དང་སྡོམ་པའི་དམ་བཅའ་བརྟན་པས་དགེ་བའི་རྣམ་སྨིན་ཡིད་དུ་འོང་བ་ཐོབ་པ་ལྟ་བུའི་གནས་དང་རྣམ་སྨིན་ཡིད་དུ་འོང་བ་ཐོབ་པ་ལྟ་བུའི་གནས་མིན་མཁྱེན་པའི་སྟོབས། དེ་བཞིན་དུ་ལས་འབྲས་བསྟན་པས་རང་རང་གིས་བྱས་པའི་ལས་འབྲས་རང་རང་གིས་མྱོང་བའི་ལམ་རྣམས་ཀྱི་རྣམ་སྨིན་མཁྱེན་པ། དབང་པོ་མཐུན་པར་ཆོས་བསྟན་པས་དད་པ་ལ་སོགས་པའི་དབང་པོ་མཆོག་དམན་མཁྱེན་པ། ཁམས་རྣམས་དང་མཐུན་པར་ཞུགས་པས་ཐེག་པ་གསུམ་གྱི་རིགས་ཐ་དད་པ་སོགས་ཁམས་སྣ་ཚོགས་མཁྱེན་པ། .ཆོས་པ་དང་མཐུན་པར་ཞུགས་པས་ཟག་མེད་ལ་མོས་པ་སོགས་ཀྱི་ཆོས་པ་སྣ་ཚོགས་མཁྱེན་པ། ཐེག་པ་ཐམས་ཅད་ལ་གོམས་པ་ལས་འཁོར་འདས་ཀུན་ཏུ་འགྲོ་བའི་ལམ་མཁྱེན་པ། ཏིང་ངེ་འཛིན་ལྷུར་བླངས་བསམ་གཏན་དང་རྣམ་ཐར་སོགས་ཀུན་ཉོན་མོངས་དང་རྣམ་པར་བྱང་བའི་ཚུལ་མཁྱེན་པ། དགེ་བ་ཆུད་མ་གསན་པས་སྔོན་གྱི་གནས་རྗེས་སུ་དྲན་པ། སེམས་ཅན་ལ་ལྷག་པའི་བསམ་པ་སོགས་ལས་ལྷའི་མིག་གིས་འཆི་འཕོ་དང་སྐྱེ་བ་མཁྱེན་པ། ༡༠ ཟག་པ་ཟད་པའི་དོན་དུ་ཆོས་སྟོན་པས་ཞི་བ་ཟག་ཟད་མཁྱེན་པའི་སྟོབས་གྲུབ་པ་བཅས་གསུངས་སོ།

language:
Tibetan