- dung mtsho'i zur
- ID:
- T233103
- དུང་མཚོའི་ཟུར (Tibetan, Tibetan script, Original)
- > dung mtsho'i zur (Tibetan, Latin script, Transliteration-THL Extended Wylie Transliteration)
- > dung tsö zur (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བར་སྐོར་གྱི་ཤར་ལྷོའི་ཟུར་དུ་ཡོད་པའི་དུང་མཚོའི་ཟུར་གྱི་ཚ་ཁང་ནི་ལོ་རྒྱུས་ཡུན་རིང་ཙམ་ཡོད་པ་ཞིག་ཡིན་ཞིང་། ཚ་ཁང་དེའི་ནང་གི་ཚ་ཙྪ་རྣམས་བཙན་པོ་སྲོང་བཙན་སྒམ་པོའི་ཕྱག་ཚ་ཡིན་སྐད་དང་། རྩིག་ལྡེབས་སུ་ཡོད་པའི་ལོ་གྱོན་གྱི་སྐུ་དེ་སྔ་དུས་བར་སྐོར་གྱི་ནུབ་ངོས་སུ་ཡོད་ཀྱང་དུས་རབས་བཅུ་བདུན་པའི་ནང་དུང་མཚོའི་ཟུར་དུ་སྤོས་ཚུལ《གཙུག་ལག་ཁང་གི་དཀར་ཆག་ཤེལ་དཀར་མེ་ལོང》ནང་གསལ། ལྷ་ཁང་དེའི་ཤར་ངོས་སུ་ཡོད་པའི་ཤར་སྐྱ་རིང་དར་ཆེན་ནི་རབ་བྱུང་བདུན་པའི་ས་གླང(༡༤༠༩)ལོ་རྗེ་ཙོང་ཁ་པས་བཙུགས་པར་མཛད་འདུག།ག
- language:
- Tibetan
2. Thupten Phuntsok Dictionary
བར་སྐོར་གྱི་ཤར་ལྷོའི་ཟུར་དུ་ཡོད་པའི་དུང་མཚོའི་ཟུར་གྱི་ཚོང་ཁང་ནི་ལོ་རྒྱུས་ཡུན་རིང་ཙམ་ཡོད་པ་ཞིག་ཡིན་ཞིང་། ཚ་ཁང་དེའི་ནང་གི་ཚ་ཙྪ་རྣམས་བཙན་པོ་སྲོང་བཙན་སྒམ་པོའི་ཕྱག་ཚ་ཡིན་སྐད་དང་། རྩིག་ལྡེབས་སུ་ཡོད་པའི་ལོ་གྱོན་གྱི་སྐུ་དེ་སྔ་དུས་བར་སྐོར་གྱི་ནུབ་ངོས་མཚོའི་ཟུར་དུ་སྤོས་ཚུལགཙུག་ལག་ཁང་གི་དཀར་ཆག་ཤེལ་དཀར་མེ་ལོང》ནང་གསལ། ལྷ་ཁང་ཤར་ངོས་སུ་ཡོད་པའི་ཤར་སྐྱ་རིང་དར་ཆེན་ནི་རབ་བྱུང་བདུན་པའི་ས་གླང (༡༤༠༩) ལོར་རྗེ་ཙོང་ཁ་པས་བཙུགས་པར་མཛད་འདུག
- language:
- Tibetan