- thugs rje chen po'i dgon pa
- ID:
- T232493
- ཐུགས་རྗེ་ཆེན་པོའི་དགོན་པ (Tibetan, Tibetan script, Original)
- > thugs rje chen po'i dgon pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > tukjé chenpö gönpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཐུགས་ཆེན་དགོན་པ་དང་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོ་ཞེས་ཀྱང་གྲགས། སྤྱི་ལོའི་དུས་རབས་བདུན་པའི་ནང་གནས་དེ་ནས་གཡང་ཊི་དཀར་པོའི་ཐུགས་རྗེ་ཆེན་པོ་བྱིས་པ་ལོ་བཅུ་གཉིས་ཅན་གྱི་ཚད་ཡོད་པ་ཞིག་ས་འོག་ནས་ཐོན་པས། བླ་མ་ཤེས་རབ་རྒྱལ་མཚན་སོགས་ཀྱིས་གནས་དེར་ལྷ་ཁང་བཞེངས་ཤིང་དེ་ནས་དགོན་པ་ཚུགས། མདོ་སྨད་ཕྱོགས་ཀྱི་དད་ལྡན་མང་ཚོགས་ཁྲོད་དུ་ལྷ་སའི་ཇོ་བོར་མཇལ་པའི་རྗེས་སྐྱབས་ཐུགས་ཆེན་ལ་མ་མཇལ་ན་མི་ཡོང་ཞེས་བཤད་པ་ལྟར་ཧ་ཅང་མཐོང་ཆེན་བྱེད། གྲུབ་མཐའ་གསར་རྙིང་གཉིས་ཀྱང་གཙོ་བོ་རྙིང་མ་ཡིན། ད་ལྟ་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཆུ་ཆེན་རྫོང་ཁོངས་སུ་ཡོད།
- language:
- Tibetan