Skip to main content Skip to search
thar rtse mkhan chen byams pa kun dga' bstan pa'i rgyal mtshan
ID:
T232396
  • ཐར་རྩེ་མཁན་ཆེན་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན (Tibetan, Tibetan script, Original)
    • > thar rtse mkhan chen byams pa kun dga' bstan pa'i rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tar tsé khenchen jampa kün ga tenpé gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ང་བཞི་པ་ཡིན། རབ་བྱུང་བཅུ་བཞི་པའི་ས་གླང་སྤྱི་ལོ་༡༨༢༩ལོར་བྲང་ཏི་མཁས་པའི་རིགས་སུ་ངོ་མཚར་བའི་ལྟས་དང་བཅས་ཏེ་མཚན་དཔེའི་མེ་ཏོག་གསར་དུ་བཞད། ཆུང་ངུའི་དུས་ནས་སྙིང་རྗེ་དང་བཅས་ཏེ་རབ་ཏུ་བྱུང་བར་ཐུགས་གཞོལ་བས་དགུང་ལོ་བཞི་པར་དཔལ་ཨེ་ཝཾ་ཆོས་ལྡན་དུ་ཕེབས། དགུང་ལོ་ཉེར་གཅིག་པར་ཁུ་བོ་བྱམས་པ་ཀུན་དགའ་བསྟན་འཛིན་ལས་བསྙེན་པར་རྫོགས། མཁན་ཆེན་རྡོ་རྗེ་འཆང་མཆེད་ཞལ་ལས་རྒྱུད་སྡེ་བཞི་དང་འབྲེལ་བའི་དབང་ཁྲིད་མན་ངག་གི་སྐོར་དུ་མ་གསན། འཇམ་དབྱངས་མཁྱེན་བརྩེ་དང་། ངག་དབང་ལེགས་གྲུབ་གཉིས་ལས་སྒྲ་དང་སྙན་ངག་སྡེབ་སྦྱོར་གསོ་དཔྱད་སོགས་རིག་གནས་དུ་མ་གསན་པས་བཅུ་ཕྲག་རིག་པའི་མ་ཧཱ་པཎྜི་ཏ་ཞེས་པའི་སྙན་པའི་གྲགས་པས་ཕྱོགས་བཅུར་ཁྱབ། རྨད་དུ་བྱུང་བའི་གསུང་རྩོམ་ཡང་པུ་ཏི་ལྔ་ཙམ་བཞུགས་པར་གསུངས། དགུང་ལོ་ཉེར་གསུམ་པ་ལྕགས་ཕག་སྤྱི་ལོ་༡༨༥༡ལོར། རྒྱལ་བ་རྡོ་རྗེ་འཆང་གི་ཁྲིར་ཕེབས། གདན་ས་ལོ་དགུ་མཛད། ཁང་གསར་མཁན་ཆེན་འཇམ་པའི་དབྱངས་ངག་དབང་བསོད་ནམས་རྒྱལ་མཚན་སོགས་མདོ་རྒྱུད་རིག་གནས་དང་བཅས་པའི་སྒོ་ནས་འཁོར་སློབ་སྐར་ཚོགས་ལྟ་བུ་བགྲང་ལས་འདས་པ་ལེགས་པར་བསྐྱངས། མཐར་དགུང་གྲངས་ཞེ་གཉིས་པ་སྟེ་རབ་བྱུང་བཅོ་ལྔ་པའི་ལྕགས་རྟ་སྤྱི་ལོ་༡༨༧༠ལོར་བླ་མ་རིན་ཆེན་འབྱུང་ལྡན་གྱི་སྟབས་སུ་ཞུགས་ཏེ་སྐུའི་བཀོད་པ་ཞིང་ཁམས་གཞན་དུ་གཤེགས་སོ།

language:
Tibetan