Skip to main content Skip to search
stag lung sman thang pa
ID:
T232027
  • སྟག་ལུང་སྨན་ཐང་པ (Tibetan, Tibetan script, Original)
    • > stag lung sman thang pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > taklung men tangpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

དེ་སྔོན་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཞལ་བཞུགས་སྐབས་བོད་ཀྱི་རི་མོའི་ལག་རྩལ་ལ་ཤིན་ཏུ་མཁས་པ་བཅུ་ལྷག་ཙམ་ཡོད་པའི་ནང་ནས་པིར་ཐོགས་དབང་པོ་དབུ་ཆེན་སྟག་ལུང་དཔལ་མགོན་ཞེས་ཡང་ཡང་བསྟོད་བསྔགས་གནང་བ་དེ་ཡིན། ཁོང་གིས་ལྷ་ས་གཙུག་ལག་ཁང་གི་ཁྱམས་རའི་བར་སྐོར་གྱི་ཁ་ནང་ལྟའི་ཕལ་པོ་ཆེའི་ཞིང་བཀོད་དང་། ཆོ་འཕྲུལ་བཅོ་ལྔའི་ལྡེབས་བྲིས། འབྲས་སྤུངས་དགའ་ལྡན་ཕོ་བྲང་གི་ལྡེབས་བྲིས་སོགས་བྲིས་པ་རྣམས་བོད་ཀྱི་རི་མོའི་ལག་རྩལ་ལུགས་གསུམསྨན་ལུགས། མཁྱེན་ལུགས། སྒར་བྲིསགྱི་ནང་ནས་སྨན་ཐང་གི་ལུགས་ཡིན་ཅིང་། ཁོང་གི་དུས་རྒྱུན་སྨན་ཐང་གི་ལུགས་གཙོ་བོར་གནང་བས་དབུ་ཆེན་སྟག་ལུང་སྨན་ཐང་པ་ཟེར།

language:
Tibetan

2. Thupten Phuntsok Dictionary

དེ་སྔོན་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཞལ་བཞུགས་སྐབས་བོད་ཀྱི་རི་མོའི་ལག་རྩལ་ལ་ཤིན་ཏུ་མཁས་པ་བཅུ་ལྷག་ཙམ་ཡོད་པའི་ནང་ནས་པིར་ཐོགས་དབང་པོ་དབུ་ཆེན་སྟག་ལུང་དཔལ་མགོན་ཞེས་ཡང་ཡང་བསྟོད་བསྔགས་གནང་བ་དེ་ཡིན། ཁོང་གིས་ལྷ་ས་གཙུག་ལག་ཁང་གིས་ཁྱམས་རའི་བར་སྐོར་གྱི་ཁ་ནང་ལྟའི་ཕལ་པོ་ཆེའི་ཞིང་བཀོད་དང་། ཆོ་འཕྲུལ་བཅོ་ལྔའི་ལྡེབས་བྲིས། འབྲས་སྤུངས་དགའ་ལྡན་ཕོ་བྲང་གི་ལྡེབས་བྲིས་སོགས་བྲིས་པ་རྣམས་བོད་ཀྱི་རི་མོའི་ལག་རྩལ་ལུགས་གསུམ (སྨན་ལུགས། མཁྱེན་ལུགས། སྒར་བྲིས) གྱི་ནང་ནས་སྨན་ཐང་གི་ལུགས་ཡིན་ཅིང་། ཁོང་གི་དུས་རྒྱུན་སྨན་ཐང་གི་ལུགས་གཙོ་བོར་གནང་བས་དབུ་སྟག་ལུང་སྨན་ཐང་པ་ཟེར།

language:
Tibetan