Skip to main content Skip to search
snyan ngag me long ma
ID:
T231287
  • སྙན་ངག་མེ་ལོང་མ (Tibetan, Tibetan script, Original)
    • > snyan ngag me long ma (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nyenngak melong ma (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རྒྱ་གར་གྱི་སློབ་དཔོན་སྙན་ངག་མཁན་པོ་དབྱུག་པ་ཅན་གྱིས་རྒྱ་གར་གྱིས་ཤར་པ་དང་། ལྷོ་པའི་ལམ་སྲོལ་ཐ་དད་པ་དང་། ཤར་ལྷོའི་ལམ་སྲོལ་ཐུན་མོང་བ་རྣམས་ཀྱི་སྙིང་པོ་བསྡུས་ནས་ལེའུ་གསུམ་གྱི་གཞུང་ཚད་དུ་དྲིལ་བར་མཛད་པ་འདི་ཉིད། འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས། ཤོང་ལོ་རྡོ་རྗེ་རྒྱལ་མཚན་དང་། རྒྱ་གར་གྱི་པཎྜི་ཏ་ལཀྴྨཱི་ཀ་ར་གཉིས་ཀྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བོད་ཡིག་ལ་བསྒྱུར་ཏེ་ཕྱིས་སུ་དཔང་ལོ་བློ་གྲོས་བརྟན་པ་དང་། ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ་སོགས་སྔ་ཕྱིའི་མཁས་པ་མང་པོས་རྒྱ་གཞུང་དང་བསྟུན་ཏེ་འགྱུར་བཅོས་དག་ཐེར་རིམ་པར་མཛད་པའི་སྙན་ངག་གི་གཞུང་ཆེན།

language:
Tibetan