- gnyags dz+nya na ku ma ra
- ID:
- T231081
- གཉགས་ཛྙ་ན་ཀུ་མ་ར (Tibetan, Tibetan script, Original)
- > gnyags dz+nya na ku ma ra (Tibetan, Latin script, Transliteration-THL Extended Wylie Transliteration)
- > nyak dznya(?) na ku ma ra (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
གཉགས་ཡེ་ཤེས་གཞོན་ནུ་ཞེས་པ་རུས་རྒྱུད་གཉགས་ཡིན་པའི་ལོ་ཙྰ་བ་དང་གྲུབ་ཐོབ་རྗེ་འབངས་ཉེར་ལྔའི་གྲས་ཤིག་ཡིན་སྟེ། འཁྲུངས་ཡུལ་ཡར་ལུང་འཕྱོས་ནང་ཡིན།ཡབ་སྟག་སྒྲ་ལྷ་སྣང་དང་ཡུམ་སྲུ་བཟའ་སྒྲོན་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས།རབ་ཏུ་མ་བྱུང་གོང་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱིས་བཀའ་ཕབ་པ་ལྟར་རྒྱ་གར་དུ་ཆོས་དཔེ་འཚོལ་བར་ཕེབས།རྒྱ་གར་དུ་མ་སླེབས་གོང་གངས་ཏི་སེར་རྒྱ་གར་གྱི་སློབ་དཔོན་སངས་རྒྱས་གསང་བ་དང་སངས་རྒྱས་ཞི་བ་གཉིས་བཞུགས་པ་གསན་ནས་གསང་སྔགས་བྱ་རྒྱུད་དང་སྤྱོད་རྒྱུད་སྐོར་འགའ་ཞིག་དང་།《མདོ་སྡེ་ལས་རྣམ་འབྱེད》《མདོ་སྡེ་གསེར་འོད་དམ་པ་》བཅས་ཞུས་ནས་རྒྱལ་པོར་ཕུལ་རྗེས་སུ་མཁན་པོ་བོ་ཛྷ་ན་ཀུ་མ་ར་སྟེ་བོད་སྐད་དུ་བསྒྱུར་ན་ཡེ་ཤེས་གཞོན་ནུ་ཟེར།སློབ་དཔོན་ཆེན་པོ་པདྨ་དང་།པཎ་ཆེན་བི་མ་ལ།ལོ་ཆེན་བེེ་རོ་ཙ་ཎ།གཡུ་སྒྲ་སྙིང་པོ་བཅས་ལས་གསང་སྔགས་སྔ་འགྱུར་གྱི་ཆོས་སྐོར་མང་དུ་གསན་ཅིང་།དཔལ་ཆེལ་ན་རྡོ་རྗེ་ཕུར་པའི་རྒྱུད་ལ་བརྟེན་ནས་གྲུབ་རྟགས་བསྙེས།བཙན་པོ་ཁྲི་སྲོང་ལྡེ་བཙན་སྐུ་གཤེགས་རྗེས་བཙུན་མོ་ཚེ་སྤོང་བཟའ་བསམ་སྦྱོར་ངན་པའི་རྐྱེན་གྱིས་ལོ་ཙྰ་བ་དང་པཎཌི་ཏ་མང་པོར་བརྙས་བཅོས་བྱས་རྐྱེན་ཡར་ལུང་དུ་མ་བཞུགས་པར་ཡར་འབྲོག་ཏུ་ཕེབས།དེར་བཞུགས་སྐབས་ཉིད་ཀྱི་ཕ་སྤུན་གཉགས་དགེ་སྟོན་གྱིས་ཁོང་ནང་པ་སངས་རྒྱས་པ་མིན་པར་མུ་སྟེགས་ཀྱི་ངན་སྔགས་མཁན་རེད་ཟེར་བ་སོགས་ཀྱི་དཀྲོགས་གཏམ་མང་པོ་བཟོས།སྐུ་སྲོག་བཀྲོང་ཐབས་ཀྱི་ལྐོག་གཡོ་མང་པོ་བརྩམས་པ་འཁྱེན་ནས་ཡར་འབྲོག་ཏུ་མ་བཞུགས་པར་ང་པོར་ཕེབས།དེར་མཆིམས་བྱ་རོག་གིས་ར་མ་བདུན་བརྐུས་པའི་རྐུན་ཁག་བཙུགས་ཏེ་བཀྲོངས་རྩིས་བྱས་རྐྱེན་བྲོས་ནས་དབུས་སུ་ཕེབས།ལྷ་སྲས་མུ་ནེ་བཙན་པོ་ཡུམ་གྱིས་བཀྲོངས་པའི་དགོངས་རྫོགས་ཀྱི་ཚོགས་དབུར་པཎ་ཆེན་བི་མ་ལ་ལ་རྒྱ་ནག་ནས་ཡར་ཕྱིར་ལོག་ཕེབས་པ་དང་མཇལ།སྔར་སྐུ་ལ་གནོད་འཚེ་བྱ་རྩིས་བྱེད་མཁན་གཉགས་དགེ་སྟོན་དང་མཆིམས་འབྲོ་སྲས་ཆུང་སོགས་ལ་དྲག་པོ་མངོན་སྤྱོད་ཀྱི་ནུས་པ་བསྟན་ནས་ཚར་བཅད།སློབ་དཔོན་ལོ་ཙྰ་བ་འདིས་གསང་སྔགས་སྔ་འགྱུར་གྱི་རྒྱུད་དང་སྒྲུབ་ཐབས་མང་པོ་བོད་སྐད་དུ་བསྒྱུར་ཞིང་།བཤད་ཉན་མང་དུ་མཛད་པས་སློབ་མའི་གཙོ་བོ་དཔལ་གྱི་བུ་བརྒྱད་སོགས་བྱུང་།ལོ་རྒྱུས་ཞིབ་པ་《གསང་སྔ གས་སྔ་འགྱུར་གྱི་ཆོས་འབྱུང་》ཕལ་ཆེ་བར་གསལ་།
- language:
- Tibetan
2. Thupten Phuntsok Dictionary
གཉགས་ཡེ་ཤེས་གཞོན་ནུ་ཞེས་པ་རུས་རྒྱུད་གཉགས་ཡིན་པའི་ལོ་ཙཱ་བ་དང་གྲུབ་ཐོབ་རྗེ་འབངས་ཉེར་ལྔའི་གྲས་ཤིག་སྟེ། འཁྲུངས་ཡུལ་ཡར་ལུང་འཕྱོས་ནས་ཡིན། ཡབ་སྟག་སྒྲ་ལྷ་སྣང་དང་ཡུམ་སྲུང་བཟའ་སྒྲོན་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། རབ་ཏུ་མ་བྱུང་གོང་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱིས་བཀའ་ཕབ་པ་ལྟར་རྒྱལ་གར་དུ་ཆོས་དཔེ་འཚོལ་བར་ཕེབས། རྒྱ་གར་དུ་མ་སླེབས་གོང་གངས་ཏི་སེར་རྒྱ་གར་གྱི་སློབ་དཔོན་སངས་རྒྱས་གསང་བ་དང་སངས་རྒྱས་ཞི་བ་གཉིས་བཞུགས་པ་གསན་ནས་གསང་སྔགས་བྱ་རྒྱུད་དང་སྤྱོད་རྒྱུད་སྐོར་འགའ་ཞིག་དང་། ལྷ་སྲས་མུ་ནེ་བཙན་པོ་ཡུམ་གྱིས་བཀྲོངས་པའི་དགོངས་རྫོགས་ཀྱི་ཚོགས་དབུར་པཎ་ཆེན་བི་མ་ལ་རྒྱ་ནག་ནས་ཡར་ཕྱིར་ལོག་ཕེབས་པ་དང་མཇལ། སྔར་སྐུ་ལ་གནོད་འཚེ་བྱ་རྩིས་བྱེད་མཁན་གཉགས་དགེ་སྟོན་དང་མཆིམས་འབྲོ་སྲས་ཆུང་སོགས་ལ་དྲག་པོ་མངོན་སྤྱོད་ཀྱི་ནུས་པ་བསྟན་ནས་ཚར་བཅད། སློབ་དཔོན་ལོ་ཙཱ་བ་འདིས་གསང་སྔགས་སྔ་འགྱུར་གྱི་རྒྱུད་དང་སྒྲུབ་ཐབས་མང་པོ་བོད་སྐད་དུ་བསྒྱུར་ཞིང་། བཤད་ཉན་མང་དུ་མཛད་པས་སློབ་མའི་གཙོ་བོ་དཔལ་གྱི་བུ་བརྒྱད་སོགས་བྱུང་།
- language:
- Tibetan