- nyang bran chu bzang
- ID:
- T230757
- ཉང་བྲན་ཆུ་བཟང (Tibetan, Tibetan script, Original)
- > nyang bran chu bzang (Tibetan, Latin script, Transliteration-THL Extended Wylie Transliteration)
- > nyang dren chu zang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སེ་རའི་ནུབ་ཏུ་ཡོད་པའི་ཉང་བྲན་ཆུ་བཟང(ཆུ་བཟང་བསམ་གཏན་གླིང་ཡང་ཟེར)ནི་དུས་རབས་བཅུ་བདུན་པའི་ནང་གྲོང་ སྨད་པ་ཇའི་སང་སྡེ་པ་འཕྲིན་ལས་རྒྱ་མཚོས་(སྡེ་སྲིད་འཕྲིན་ལས་རྒྱ་མཚོ)ཏྰ་ལའི་བླ་མ་པར་གྲོང་སྨད་པའི་འཛིན ཁོངས་སུ་རི་ ཁྲོད་ཅིག་འདེབས་རྒྱུའི་ས་བརྟག་ཞུས་དོན་བཞིན་གནས་དེར་ཏྰ་ལའི་བླ་མ་ལྔ་པ་ངོ་ཕེབས་ཀྱིས་ཆུ་བཟང་རི་ཁྲོད་འདེབས་སའི་ཞལ་བཀོད་དང་ཆུ་བཟང་ཞེས་པའི་མིང་། རྟེན་གཙོ་ཐུབ་དབང་གི་རྡོ་སྐུ་སོགས་གནང་། སྐབས་དེར་གྲྭ་གྲངས་༡༨ཡོད་པ་དང་དགོན་བདག་ སེ་ར་སྤྱི་སོ་ཡིན། ཆུ་བཟང་གི་ནུབ་ངོས་སུ་ཕ་བོང་ཁའི་རི་ཁྲོད་ཡོད།
- language:
- Tibetan
2. Thupten Phuntsok Dictionary
སེ་རའི་ནུབ་ཏུ་ཡོད་པའི་ཉང་བྲན་ཆུ་བཟང (ཆུ་བཟང་བསམ་གཏན་གླིང་ཡང་ཟེར) ནི་དུས་རབས་བཅུ་བདུན་པའི་ནང་གྲོང་སྨད་པ་ཟའི་སང་སྡེ་པ་འཕྲིན་ལས་རྒྱ་མཚོས (སྡེ་སྲིད་འཕྲིན་ལས་རྒྱ་མཚོ) ཏཱ་ལའི་བླ་མ་ལྔ་པར་གྲོང་སྨད་པའི་འཛིན་ཁོངས་སུ་རི་ཁྲོད་ཅིག་འདེབས་རྒྱུའི་བརྟག་ཞུས་དོན་བཞིན་གནས་དེ་ཏཱ་ལའི་བླ་མ་ལྔ་པ་ངོ་ཕེབས་ཀྱི་ཆུ་བཟང་རི་ཁྲོད་འདེབས་སའི་ཞལ་བཀོད་དང་ཆུ་བཟང་ཞེས་པའི་མིང་གནང་། རྟེན་གཙོ་ཐུབ་དབང་གི་རྡོ་སྐུ་སོགས་གནང་། སྐབས་དེར་གྲྭ་གྲངས་༡༨ཡོད་པ་དང་དགོན་བདག་སེ་ར་སྤྱི་སོ་ཡིན། ཆུ་བཟང་གི་ནུབ་ངོས་སུ་ཕ་བོང་ཁའི་རི་ཁྲོད་ཡོད།
- language:
- Tibetan