Skip to main content Skip to search
lce btsun shes rab 'byung gnas
ID:
T229690
  • ལྕེ་བཙུན་ཤེས་རབ་འབྱུང་གནས (Tibetan, Tibetan script, Original)
    • > lce btsun shes rab 'byung gnas (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ché tsün sherab jungné (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

འདི་ཉིད་དབུས་གཙང་མི་བཅུའི་ཡ་གྱལ་ལོ་སྟོན་གྱི་མཁན་བུ་ཡིན་ཞིང་། འདི་ཉིད་ཀྱིས་རབ་བྱུང་དང་པོའི་ལྕགས་འབྲུག(༡༠༤༠)ལོར་ཞ་ལུ་གསེར་ཁང་ཕྱག་བཏབ་རྗེས་རྒྱ་གར་རྡོ་རྗེ་གདན་ལ་བྱོན་ནས་རྡོ་རྗེ་གདན་པ་ཆེན་པོ་སློབ་དཔོན་ཨ་བྟ་ཡ་ཀ་ར་ལས་སྡོམ་པ་བླངས་ཏེ་ཆོས་མང་དུ་ཞུས། སྤྱན་རས་གཟིགས་ཁ་སར་པ་ཎི་སྤྱན་དྲངས་པས་ཆུ་བ་གདྒྰ་ལ་སྤྱན་མ་འདྲོངས། ལྕེ་བཙུན་གྱིས་མོན་པའི་མི་ཐ་མལ་བས་ཉིས་འགྱུར་གྱི་ཆེ་བ་ཞིག་ལ་གླ་ཆ་གྱ་ནོམ་པ་སྦྱིན་ནས་སྐུ་འདི་ཞ་ལུར་སྤྱན་དྲངས་ཏེ་ཞ་ལུའི་གཙུག་ལག་ཁང་གི་རྟེན་གྱི་གཙོ་བོར་བཞུགས་སུ་གསོལ། ད་ལྟ་རང་བྱོན་གྱི་སྐུ་རྒྱབ་ན་བཞུགས། བོད་ཀྱི་ལོ་རྒྱུས་ཡིག་ཚང་ནང་། དེ་དུས་ཞ་ལུ་པ་ཆེ་བ་རྣམ་པ་བཞི་ཟེར་བ་ཡོད་དེ། ལས་ཀ་བ་བཞི་ཡིན་པས་ཆེ། ཡོན་བདག་བཙད་པོ་ཡིན་པས་ཆེ་བ། སྡོམ་པ་རྒྱ་གར་མ་ཡིན་པས་ཆེ། རུས་པ་ལྕེ་ཡིན་པས་ཆེ་ཞེས་འཁོད་པའི་དང་པོ་ཀ་བ་བཞི་ནི། དགའ་སྡོང་དམ་པ་ཆོས་ཀྱི་ཀ་བ། ཀུ་རི་བྱ་སྐྱུས་ཁ་བྲག་དཔུང་གི་ཀ་བ། གཡུས་སྒྱུ་མ་ནོར་གྱི་ཀ་བ། ནེ་སེར་མཐུའི་ཀ་བ་བཅས་དང་། ཡོན་བདག་བཙད་པོ་ཡིན་པས་ཆེ་ཞེས་པ་ནི་ཞ་ལུ་དགོན་པ་ཕྱག་འདེབས་སྐབས་ཀྱི་སྦྱིན་བདག་ལྕེ་བཙད་ནི་བཙན་པོའི་གདུང་རྒྱུད་ཡིན་པས་ཆེ་བ། སྡོམ་པ་རྒྱ་གར་མ་ཡིན་པས་ཆེ་ཞེས་པ་ནི་ལྕེ་བཙུན་ནས་བརྒྱུད་པའི་སྡོམ་རྒྱུན་འདི་རྒྱ་གར་གྱི་ཨ་བྷ་ཡ་ནས་ཐད་ཀར་བཞེས་པས་ཆེ་བ། རུས་པ་ལྕེ་ཡིན་པས་ཆེ་ཞེས་པ་ནི་ལྕེའི་རུས་རྒྱུད་ནི་ཐོག་མར་འོད་གསལ་གྱི་ལྟ་ལས་མཆེན་པ་དང་། དེ་ནས་རིམ་བཞིན་ཆོས་རྒྱལ་སྲོང་བཙན་དང་ཁྲི་སྲོང་སྐབས་བློན་པོ་དང་སྒྲ་བསྒྱུར་གྱི་ལོ་ཙྰ་བ་ཆེན་པོ་བྱུང་བས་གདུང་རྒྱུད་ཀྱི་ཆེ་བ་བརྗོད་པའོ། ལྕེ་བཙུན་ལ་སློབ་མ་ཀ་བཞི་གདུང་དྲུག་ཏུ་གྲགས་པ་བྱུང་སྟེ་དེ་དག་ལས་ཞ་ལུ་བརྒྱ་སྐོར་མཆེད་དོ།

language:
Tibetan

2. Thupten Phuntsok Dictionary

འདི་ཉིད་དབུས་གཙང་མི་བཅུའི་ཡ་གྱལ་ལོ་སྟོན་གྱི་མཁན་བུ་ཡིན་ཞིང་། འདི་ཉིད་ཀྱིས་རབ་བྱུང་དང་པོའི་ལྕགས་འབྲུག (༡༠༤༠) ལོར་ཞ་ལུ་གསེར་ཁང་ཕྱག་བཏབ་རྗེས་རྒྱ་གར་རྡོ་རྗེ་གདན་ལ་བྱོན་ནས་རྡོ་རྗེ་གདན་པ་ཆེན་པོ་སློབ་དཔོན་ཨ་བྷ་ཡ་ཀ་ར་ལས་སྡོམ་པ་བླངས་ཏེ་ཆོས་མང་དུ་ཞུས། སྤྱན་རས་གཟིགས་ཁ་སར་པ་ཎི་སྤྱན་དྲངས་པས་ཆུ་བོ་གངྒཱ་ལ་སྤྱན་མ་འདྲོངས། ལྕེ་བཙུན་གྱིས་མོན་པའི་མི་ཐ་མལ་བས་ཉིས་འགྱུར་གྱི་ཆེ་བ་ཞིག་ལ་གླ་ཆ་གྱ་ནོམ་པ་སྦྱིན་ནས་སྐུ་འདི་ཞ་ལུར་སྤྱན་དྲངས་ཏེ་ཞ་ལུའི་གཙུག་ལག་ཁང་གི་རྟེན་གྱི་གཙོ་བོར་བཞུགས་སུ་གསོལ། ད་ལྟ་རང་བྱོན་གྱི་སྐུ་རྒྱབ་ན་བཞུགས། བོད་ཀྱི་ལོ་རྒྱུས་ཡིག་ཚང་ནང་། དེ་དུས་ཞ་ལུ་པ་ཆེ་བ་རྣམ་པ་བཞི་ཟེར་བ་ཡོད་དེ། ལས་ཀ་བ་བཞི་ཡིན་པས་ཆེ། ཡོན་བདག་བཙད་པོ་ཡིན་པས་ཆེ། སྡོམ་པ་རྒྱ་གར་མ་ཡིན་པས་ཆེ། རུས་པ་ལྕེ་ཡིན་པས་ཆེ་ཞེས་འཁོད་ཡོད།

language:
Tibetan

3. gangs can mkhas grub rim byon ming mdzod

[538] ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་གཙང་ཕྱོགས་སུ་ཡབ་ལྕེ་གཡུ་འབུམ་གྱི་སྲས་སུ་སྐུ་འཁྲུངས། ཁོང་སྐུ་ནར་སོན་རྗེས་དབུས་གཙང་གི་མཁས་པ་མི་བཅུའི་ནང་ཚན་མཁས་གྲུབ་གཉིས་ལྡན་གྱི་སློབ་དཔོན་ལོ་སྟོན་རྡོ་རྗེ་དབང་ཕྱུག་ལས་རབ་བྱུང་དང་། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་འདུལ་བའི་ཆོས་གཞུང་སོགས་མང་དུ་ཞུས། དེ་ནས་ཁོང་གིས་རབ་བྱུང་དང་པོའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ 1027 ལོར་ཞ་ལུ་གསེར་ཁང་ཁྲ་མོ་བཞེངས་ཤིང་དགེ་འདུན་མང་པོའི་ཚོགས་པ་བསྐྱངས་ཏེ་འདུལ་བའི་བསྟན་པ་དར་བར་མཛད། དེ་རྗེས་རྒྱ་གར་དུ་ཕེབས་ཏེ་རྡོ་རྗེ་གདན་གྱི་མཁན་པོ་ཨ་བྷྱ་ཀ་ར་ལས་བསྙེན་རྫོགས་ཀྱི་སྡོམ་པ་བསྐྱར་དུ་བཞེས་ནས་ཞ་ལུར་བྱོན་ཞིང་གསེར་ཁང་ཁྲ་མོའི་ནང་རྟེན་དང་བཅས་པ་ལེགས་པར་བཞེངས་སོ། ཁོང་ནི་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་གྲགས་ཆེ་བའི་འདུལ་འཛིན་གྱི་སློབ་མ་ཞིག་ཡིན་ནོ།།

language:
Tibetan