- bco lnga'i zla ba gza' yis zin
- ID:
- T229590
- བཅོ་ལྔའི་ཟླ་བ་གཟའ་ཡིས་ཟིན (Tibetan, Tibetan script, Original)
- > bco lnga'i zla ba gza' yis zin (Tibetan, Latin script, Transliteration-THL Extended Wylie Transliteration)
- > cho ngé dawa za yi zin (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྒྱ་ནག་གི་སྐད་ནས་བོད་སྐད་དུ་བསྒྱུར་བའི་མདོ་འགའ་ཞིག་གི་ནང་། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱིས་ཟླ་བ་བཟུང་ནས་དེའི་འོད་བསྒྲིགས་ཏེ་ལྷ་ཡུལ་དུ་ལྷ་མ་ཡིན་གྱི་དམག་དྲངས་པ་དང་། སྐབས་དེར་མི་ཡུལ་དུ་ཆོས་ཕྱོགས་ཀྱི་བྱ་བ་སྒྲུབ་མཁན་མང་ན་ལྷ་རྣམས་རྒྱལ་ཞིང་། ལྷ་མ་ཡིན་རྣམས་ཕམ་པར་འགྱུར་ལ་ཆོས་མིན་གྱི་བྱ་བ་སྒྲུབ་མཁན་མང་ན་ལྷ་མ་ཡིན་རྣམས་རྒྱལ་ཞིང་ལྷ་རྣམས་་ཕམ་པར་འགྱུར་བ་ཡིན་ཞེས་བཤད་་སྲོལ་ཡོད་ལ། མུ་སྟེགས་པའི་རིག་བྱེད་ཀྱི་གཏམ་རྒྱུད་དུ། སྔོན་དུས་འཇིག་རྟེན་ཐོག་མར་ཆགས་སྐབས། རྒྱ་མཚོའི་ནང་ནས་བདུད་རྩི་བུམ་པ་གང་བྱུང་བ་ལྷ་རྣམས་ཀྱིས་ལོངས་སྤྱོད་པ་ལས་ལྷ་མ་ཡིན་རྣམས་ལ་ཅུང་ཟད་ཅིག་ཀྱང་མ་ཐོབ་པའི་རྐྱེན་གྱིས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱིས་ལྷ་ཡི་བུ་ཞིག་ལ་སྤྲུལ་ནས་ལྷ་རྣམས་དང་མཉམ་དུ་ཞུགས་ཏེ་བདུད་རྩི་བརྐུས་པ་ལྷའི་བུ་ཟླ་བས་མཐོང་ནས་ལྷ་རྣམས་ལ་བདུད་རྩི་བརྐུ་་མཁན་འདི་ནི་ལྷ་ཡི་རིགས་མ་ཡིན་གྱི་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱིས་ལྷར་བརྫུས་ཏེ་བརྐུས་པ་ཡིན་ཞེས་མཚང་བརྟོལ་བ་དང་། ལྷ་ཡི་དབང་པོ་ཁྱབ་འཇུག་གིས་འཁོར་ལོ་འཕངས་ཏེ་སྒྲ་གཅན་གྱི་སྐེ་བཅད། དེའི་འཁོན་ལན་ལེན་ཆེད་ལྷ་མིན་སྒྲ་གཅན་གྱིས་ཟླ་བ་བཟུང་ནས་མགྲིན་པར་མིད་པ་ལ་འཇིག་རྟེན་ཡོངས་གྲགས་སུ་ཟླ་བ་གཟའ་འཛིན་དུ་གྲགས་པ་ཡིན་ཞེས་བཤད།
- language:
- Tibetan
2. Thupten Phuntsok Dictionary
རྒྱ་ནག་གི་སྐད་ནས་བོད་སྐད་དུ་བསྒྱུར་བའི་མདོ་འགའ་ཞིག་གི་ནང་། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱིས་ཟླ་བ་བཟུང་ནས་དེའི་འོད་བསྒྲིབས་ཏེ་ལྷ་ཡུལ་དུ་ལྷ་མ་ཡིན་གྱི་དམག་དྲངས་པ་དང་། སྐབས་དེར་མི་ཡུལ་དུ་ཆོས་ཕྱོགས་ཀྱི་བྱ་བ་སྒྲུབ་མཁན་མང་ན་ལྷ་རྣམས་རྒྱལ་ཞིང་། ལྷ་མ་ཡིན་རྣམས་ཕམ་པར་འགྱུར་ལ་ཆོས་མིན་གྱི་བྱ་བ་སྒྲུབ་མཁན་མང་ན་ལྷ་མ་ཡིན་རྣམས་རྒྱལ་ཞིང་ལྷ་རྣམས་ཕམ་པར་འགྱུར་བ་ཡིན་ཞེས་བཤད་སྲོལ་ཡོད་ལ། མུ་སྟེགས་པའི་རིག་བྱེད་ཀྱི་གཏམ་རྒྱུད་དུ། སྔོན་དུས་འཇིག་རྟེན་ཐོག་མར་ཆགས་སྐབས། རྒྱ་མཚོའི་ནང་ནས་བདུད་རྩི་བུམ་པ་གང་བྱུང་བ་ལྷ་རྣམས་ཀྱི་ལོངས་སྤྱོད་པ་ལས་ལྷ་མ་ཡིན་རྣམས་ལ་ཅུང་ཟད་ཅིག་ཀྱང་མ་ཐོབ་པའི་རྐྱེན་གྱིས་ལྷ་མ་ཡིན་དབང་པོ་སྒྲ་གཅན་གྱིས་ལྷ་ཡི་བུ་ཞིག་ལ་སྤྲུལ་ནས་ལྷ་རྣམས་དང་མཉམ་དུ་ཞུགས་ཏེ་བདུད་རྩི་བརྐུས་པ་ལྷའི་བུ་ཟླ་བས་མཐོང་ནས་ལྷ་རྣམས་ལ་བདུད་རྩི་བརྐུ་མཁན་འདི་ནི་ལྷ་ཡི་རིགས་མ་ཡིན་གྱི་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱི་ལྷར་བརྫུས་ཏེ་བརྐུས་པ་ཡིན་ཞེས་མཚང་བརྟོལ་བ་དང་། ལྷ་ཡི་དབང་པོས་ཁྱབ་འཇུག་གིས་འཁོར་ལོ་འཕངས་ཏེ་སྒྲ་གཅན་གྱི་སྐེ་བཅད། དེའི་འཁོན་ལས་ལེན་ཆེད་ལྷ་མིན་སྒྲ་གཅན་གྱིས་ཟླ་བ་བཟུང་ནས་མགྲིན་པར་མིད་པ་ལ་འཇིག་རྟེན་ཡོངས་གྲགས་སུ་ཟླ་བ་བཟའ་འཛིན་དུ་གྲགས་པ་ཡིན་ཞེས་བཤད།
- language:
- Tibetan