- rgyal ba lha mchog seng ge
- ID:
- T228218
- རྒྱལ་བ་ལྷ་མཆོག་སེང་གེ (Tibetan, Tibetan script, Original)
- > rgyal ba lha mchog seng ge (Tibetan, Latin script, Transliteration-THL Extended Wylie Transliteration)
- > gyalwa lha chok sengé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་དགུ་པ་ཡིན། བོད་རབ་བྱུང་བརྒྱད་པའི་ས་བྱི་སྤྱི་ལོ་ (༡༤༦༨) ལོར་ས་སྐྱར་རྗེ་བཙུན་ཀུན་དགའ་བཟང་པོའི་དབོན་རིགས་དཔོན་ནེ་ཀུན་དགའ་རྒྱལ་མཚན་གྱི་སྲས་སུ་མཚན་དཔེའི་དཀྱིལ་འཁོར་གསར་དུ་བཞད། དགུང་ལོ་བཅུ་གཅིག་སྟེང་ཀུན་མཁྱེན་བསོད་ནམས་སེང་གེ་ལས་རབ་ཏུ་བྱུང་ནས་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་སྡོམ་པ་མནོས་ཤིང་ཐོས་པ་རྒྱ་ཆེར་བཙལ། རྗེ་དཀོན་མཆོག་འཕེལ་བ་ལས་བསྙེན་པར་རྫོགས་ཤིང་གསུང་ངག་ལམ་འབྲས་བུ་དང་བཅས་པའི་གདམས་པས་གཙོས་པའི་ཕ་ཆོས་དུ་མ་གསན་ཏེ་མཁས་པའི་གྲགས་པས་ས་སྟེང་ཡོངས་ལ་ཁྱབ། རྗེ་མུས་ཆེན་སངས་རྒྱས་རིན་ཆེན་གྱི་སྐུ་ཚབ་ཏུ་ཨེ་ཝཾ་པའི་ཁྲི་སྟེང་དུ་འཁོད་དེ་ལམ་འབྲས་སོགས་ཀྱི་གདམས་པས་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད། མཐར་ཞིང་ཁམས་གཞན་དུ་གཤེགས་པར་དགོངས་ཏེ་སྤྱི་ལོ་༡༥༣༥ལོ་སྟེ་བོད་རབ་བྱུང་དགུ་པའི་ཤིང་མོ་ལུག་དགུང་གྲངས་དྲུག་ཅུ་རེ་བརྒྱད་སྟེང་ཞིང་འདིའི་མཛད་པ་རྫོགས་པའི་ཚུལ་བསྟན་ཏོ།།
- language:
- Tibetan